དབུ་ཤོག>པར་མཛོད།
  • ཕྱི་རོལ་གྱི་ལུས་རྩལ་ལ་རོལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-17

    ཉེ་ཆར། 2024ལོའི་བྲག་གསུམ་མཚོའི་འབྲུག་ལ་ཕྱི་རོལ་སྙུགས་ཤེད་རྣམ་གྲངས་གསུམ་གྱི་འགྲན་བསྡུར་ཀོང་པོ་རྒྱ་མདའ་རྫོང་འབྲུག་ལ་ཤང་དུ་གཉེར་བ་རེད། ས་བབ་ཀྱི་ཁྱད་ཆོས་གཞིར་བཟུང་། གཙོ་གཉེར་ཕྱོགས་ཀྱིས་འགྲན་བསྡུར་དེ་མི་གཉིས་རེ་ཚོགས་ཆུང་རེ་བྱས་པའི་ཕྱི་རོལ་ཚོགས་པའི་འགྲན་བསྡུར་ཇུས་འགོད་བྱས་ཡོད། འགྲན་བསྡུར་ལ་ཕོ་མོའི་ཚད་བཀག་མེད་པ་དང་བར་མཚམས་བཟོས་མེད་པར་སྤྱི་ལེ་18ཟིན་པའི་རྐང་འཁོར་བཞོན་པ་དང་། སྤྱི་ལེ་3ཟིན་པའི་ཆུ་ཁོངས་ཀྱི་ཀོ་གྲུ་གཏོང་བ། སྤྱི་ལེ་3.8ཟིན་པའི་གཞུང་ལམ་ཐོག་གི་རྒྱུག་ཤར་འགྲན་བསྡུར་བཅས་ཚོགས་པའི་འགྲན་བསྡུར་རྣམ་གྲངས་ཁག་གསུམ་གཉེར་ཞིང་། ལྗོངས་ཕྱི་ནང་གི་ལུས་རྩལ་བརྡར་པ་དང་། ཕྱི་རོལ་ལུས་རྩལ་ལ་དགའ་མཁན། ཡུལ་སྐོར་བ་སོགས་མི་60ལྷག་ཙམ་འགྲན་བསྡུར་ནང་ཞུགས་པ་རེད། འདི་ནི་འགྲན་བསྡུར་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།