སྨན་བཅོས་བོད་སྐྱོར།
ལག་རྩལ་བསླབས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་པ།
འདི་ནི་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་བོད་ལུགས་གསོ་རིག་སྨན་ཁང་དུ་ཁྲུང་ཆིང་གྲོང་ཁྱེར་ཏ་ཙུའུ་ཆུས་མི་དམངས་སྨན་ཁང་གི་བོད་སྐྱོར་སྨན་པ(གཡོན)དང་བོད་ལུགས་གསོ་རིག་སྨན་ཁང་གི་སྨན་པས་ཀྲུང་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་གི་སྨན་བཅོས་བྱ་ཐབས་ཟུང་འབྲེལ་བྱས་ནས་ནད་པར་བརྟག་དཔྱད་བྱེད་བཞིན་པ།
2015ལོ་ནས་སྨན་བཅོས་རིགས་གཅིག་མཁས་ཅན་གྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་ཚུན། “ཞིང་ཆེན་གྱིས་སྨན་ཁང་འགན་གཙང་ལེན་པ་དང་། སྨན་ཁང་གིས་ཚན་ཁག་འགན་གཙང་ལེན་པ། ཚོགས་སྒྲིག་རོགས་སྐྱོར། ཐུན་མོང་འཕེལ་རྒྱས”བཅས་ཀྱི་རྣམ་པ་གསར་པ་ཆགས་ནས་རིམ་རྩིས་བརྒྱབ་ན་སྨན་བཅོས་རིགས་གཅིག་མཁས་ཅན་1800ལྷག་ཙམ་འདེམས་གཏོང་བྱས་ཏེ། རྩེར་སོན་ལག་རྩལ་དང་སྔོན་ཐོན་གྱི་དོ་དམ་ཉམས་མྱོང་གངས་ལྗོངས་ས་མཐོར་ཁྱབ་གདལ་བཏང་བ་དང“1+7+13”གྱི་སྨན་ཁང་གིས་ལག་རྩལ་གྱི་དཀའ་གནད་ལས་སྒྲོལ་བ་དང་ལག་རྩལ་གྱི་སྟོང་ཆ་གསབ་པར་རྒྱབ་སྐྱོར་དང་རོགས་སྐྱོར་བྱས་པ་མ་ཟད། ས་གནས་དེ་གའི་སྨན་བཅོས་ཚོགས་པ་དང་སྨན་དོན་མི་སྣར་བརྒྱུད་རོགས་ཁྲིད་གསུམ་བྱས་ནས་ནམ་ཡང་གནས་ཐུབ་པའི་སྨན་བཅོས་རུ་ཁག་མང་པོ་ཞིག་གསོ་སྐྱོང་བྱས་ཡོད།