དབུ་ཤོག>པར་མཛོད།>པར་མཁན།
  • པར་རིས་གསར་འགྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-15

    ཟླ་7ཚེས་13ཉིན་ཀྲུང་གོ་པེ་ཅིང་རྒྱལ་སྤྱིའི་ཚན་རྩལ་ཐོན་ལས་དངོས་མང་སྟོན་ཚོགས་སྐབས་ཉེར་དྲུག་པ་འགོ་ཚུགས་ཤིང་། སྐབས་འདིའི་ཚན་རྩལ་དངོས་མང་སྟོན་ཚོགས་ཀྱིས“གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་གཏོང་བ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་དང་ལས་ཁུངས་300ལྷག་ཙམ་འགྲེམས་སྟོན་ནང་ཞུགས་པ་རེད། འདི་ནི་ལྟ་སྐོར་བས་པེ་ཅིང་ཚན་རྩལ་ཐོན་ལས་དངོས་མང་སྟོན་ཚོགས་གཉེར་ཡུལ་དུ་འགྲེམས་སྟོན་བྱས་པའི་ཤུགས་འགྲེམས་མེ་འཁོར་གྱི་དཔེ་དབྱིབས་ལ་ལྟ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།