མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུར་བོད་ཀྱི་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་བྱས་པ།
ཟླ་7ཚེས་11ནས་15ཉིན་བར“སྒོ་དབྱེ་མཉམ་ལས། ལྗང་མདོག་འཕེལ་རྒྱས”བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོའི་མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོཊ་འདུ་སྐབས་25པ་དབྱར་གྲོང་ཟི་ལིང་དུ་འཚོགས་པ་དང་། རང་ལྗོངས་ཀྱིས་ལྗོངས་ནང་ཁུལ་གྱི“གྲཊ་ཅན་དང་། སྤུས་ལེགས། ཁྱད་ལྡན། གསར་པ”བཅས་ཀྱི་ཁེ་ལས་རྩེ་གྲ་23འགྲེམས་སྟོན་ལ་ཞུགས་པར་སྒྲིག་འཛུགས་བྱས་ཤིང་། འགྲེམས་རྫས་གྲས་སུ་ནས་ཀྱི་རིགས་དང་། དབྱར་རྩྭ་དགུན་འབུ། མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས། སྤོས་སོགས་ཐོན་རྫས་སྣ་ཁ་100ལྷག་ཙམ་ཚུད་ཡོད་པ་རེད། འདི་ནི་བོད་ཀྱི་འགྲེམས་སྟོན་ཁང་ནང་ཡུལ་སྐོར་བས་བློ་འདྲི་བྱེད་ཞོར་དུ་ཚོང་ཟོག་ཉོ་བཞིན་པ།