རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་མི་རིགས་རྟ་རྒྱུག་སྨི་3000ཟིན་པའི་འགྲན་བསྡུར་གཉེར་བ།
ཟླ་7ཚེས་11ཉིན། ཤིན་ཅང་གི་ཀྲའོ་སུའུ་རུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པའི་རྟ་ཐོག་རྣམ་གྲངས་མི་རིགས་རྟ་རྒྱུག་སྨི་3000ཟིན་པའི་འགྲན་བསྡུར་གཉེར་བ་རེད། འདི་ནི་ཉིན་དེར་བོད་ཀྱི་འཐུས་མི་རུ་ཁག་གི་ལུས་རྩལ་པ་རིན་ཆེན་ལྷུན་གྲུབ(དཀྱིལ)དང་རྒྱུག་རྟ་རླུང་རྟ་སྐར་མོ་གཉིས་ལ་འགྲན་བསྡུར་རྗེས་སུ་རྟེན་འབྲེལ་ཞུ་བཞིན་ཡོད་པ་དང་། ཁོ་པ་གཉིས་ལ་སྐར་མ་3དང་སྐར་ཆ་29གྲངས་ཆུང་98ཀྱི་གྲུབ་འབྲས་ཐོག་ནས་ཨང་དང་པོ་ཐོབ་ཡོད།