དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • མི་དམངས་ཉེན་རྟོག་པས་ཞིང་ནང་དང་མུ་ཁར་བཅའ་ཁྲིམས་ཤེས་བྱ་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-10

    ཉེ་དུས་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་སྤྱི་བདེ་ཅུས་ཨ་ཚུར་མངགས་གཏོང་ཁང་གིས་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་ཨ་ཚུར་ཤང་དགྲ་ལྷ་འབྲོག་ཁུལ་དུ་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་། མི་དམངས་ཉེན་རྟོག་པས་དྲིལ་བསྒྲགས་འཕྲེད་ཡིག་འགེལ་བ་དང་དྲིལ་བསྒྲགས་ལག་དེབ་སྤྲོད་པ་སོགས་བརྒྱུད་ས་གནས་དེ་གའི་གནས་ཚུལ་དངོས་དང་ཟུང་འབྲེལ་གྱིས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་བཅའ་ཁྲིམས་ཤེས་བྱ་གཙོ་གནད་ཐོག་དྲིལ་བསྒྲགས་བྱས་པ་མ་ཟད། མང་ཚོགས་ཚོས་དོ་ཁུར་བྱེད་པའི་གནད་དོན་ལ་དམིགས་ནས་འགྲེལ་བཤད་གཏིང་ཟབ་བརྒྱབ་སྟེ་མང་ཚོགས་ཚོར་ཁྲིམས་ལྟར་བྱ་བ་སྒྲུབ་པ་དང་། གནད་དོན་འཕྲད་སྐབས་ཁྲིམས་འཚོལ་བ། གནད་དོན་ཐག་གཅོད་བྱེད་སྐབས་ཁྲིམས་སྤྱོད་པ། འགལ་ཟླ་སེལ་སྐབས་ཁྲིམས་ལ་བརྟེན་པ་བཅས་ཀྱི་ཁྲིམས་སྐྱོང་འདུ་ཤེས་འཛུགས་རྒྱུའི་ཁྲིད་སྟོན་བྱས་ཡོད་ཅིང་། འདི་ནི་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་དགྲ་ལྷ་འབྲོག་ཁུལ་དུ་མང་ཚོགས་ལ་བཅའ་ཁྲིམས་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།