དབུ་ཤོག>པར་མཛོད།
  • ཉིང་ཁྲི་གྲོང་ཁྱེར་གྱི་འོད་ཤུགས་རྣམ་གྲངས་དང་པོའི་གློག་དྲ་སྦྲེལ་གྲབས་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-09

    འདི་ནི་སྣང་རྫོང་འཁྲུངས་ཁང་གི་35MWའོད་ཤུགས+ནུས་གསོག་རྣམ་གྲངས་ཡིན་པ།

    ཉིན་ཤས་གོང་གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཚོགས་པ་ནས་ཤེས་རྟོགས་བྱུང་བར། ཁེ་ལས་དེས་མ་དངུལ་བཏང་ནས་བསྐྲུན་པའི་སྣང་རྫོང་འཁྲུངས་ཁང་གི་35MWའོད་ཤུགས+ནུས་གསོག་རྣམ་གྲངས་གཞི་རྩའི་ཆར་ལེགས་གྲུབ་ཟིན་པར་ཤོང་ཚད་ཧྲིལ་པོའི་དྲ་སྦྲེལ་གློག་གཏོང་གི་ཆ་རྐྱེན་འཛོམས་ཤིང་། ཡུན་རིང་མ་སོང་བར་གཉེར་སྐྱོང་བྱེད་འགོ་ཚུགས་རྒྱུ་རེད།

    རྣམ་གྲངས་དེ་སྣང་རྫོང་སྣང་གྲོང་རྡལ་འཁྲུངས་ཁང་གྲོང་ཚོའི་ཉང་ཆུའི་བྱང་ངོགས་སུ་ཡོད་པ་དང་། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་1.94ཙམ་བཏང་བ། ས་བཟུང་རྒྱ་ཁྱོན་བསྡོམས་མུའུ་600ཟིན་པ། འོད་ཤུགས་པང་ལེབ་སྟར་སྒྲིག་2574ཡི་གློག་པང་66924ཡོད། 2023ལོའི་ཟླ་12ཚེས་30ཉིན་སྐྲུན་འགོ་ཚུགས་པའི་རྣམ་གྲངས་དེ་ནི་ཉིང་ཁྲི་གྲོང་ཁྱེར་གྱི་གཅིག་སྡུད་རྣམ་པའི་འོད་ཤུགས་རྣམ་གྲངས་དང་པོ་དང་སྣང་རྫོང་གི་སྲིད་གཞུང་དང་ཁེ་ལས་མཉམ་ལས་ཀྱི་རྣམ་གྲངས་དང་པོ་རེད། རྣམ་གྲངས་དེ“འོད་གསབ”ཀྱི་རྣམ་པར་བརྟེན་ནས་བསྐྲུན་པ་ཞིག་ཡིན་པ་དང་ཚང་མ་འཁོར་རྒྱུག་ཐུབ་རྗེས་ལོ་རེར་གློག་འདོན་ཚད་ཏུའུ་ཁྲི་6000ཟིན་པ་དེ་ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་ཁྲི་1.69གྲོན་ཆུང་ཐུབ་པ་དང་དབྱང་གཉིས་ཐཱན་འགྱུར་ཕྱིར་འབུད་ཚད་ཏུན་ཁྲི་4.14ཙམ་ཉུང་དུ་འགྲོ་བ་དང་གཅིག་མཚུངས་ཡིན་པ་མ་ཟད། ད་དུང་ཁྱིམ་ཚང་ཁྲི་3ལ་ལོ་གཅིག་གི་གློག་གཏོང་ཐུབ་རྒྱུ་ཡིན་པས་ས་གནས་དེ་གའི་ནུས་རྒྱུའི་གྲུབ་ཆ་སྔར་བས་ལེགས་སུ་ཕྱིན་ནས་ནུས་རྒྱུ་གཙང་མའི་དཔལ་འབྱོར་དང་། སྤྱི་ཚོགས། སྐྱེ་ཁམས་བཅས་ཀྱི་ཕན་འབྲས་ཡག་པོ་ཐོན་ངེས་རེད།

    དེ་དང་ཆབས་ཅིག་རྣམ་གྲངས་འཛུགས་སྐྲུན་བྱེད་རིང་ས་གནས་དེ་གའི་མང་ཚོགས་ལས་ཀར་ཧུར་ཐག་བསྐོངས་པ་མ་ཟད། ད་དུང་ཞིང་འབྲོག་མང་ཚོགས་ལ་ལས་རིགས་ཀྱི་རྩལ་ནུས་དང་དེ་བཞིན་བདེ་འཇགས་ཀྱི་གསོ་སྦྱོང་ཡང་བྱས་ཤིང་། ཟླ་5པའི་ཟླ་མཇུག་བར་རིམ་རྩིས་བྱས་ན་ལས་ཞུགས་ལས་གནས་590མཁོ་འདོན་བྱས་པ་དང་། ས་གནས་དེ་གའི་ཞིང་པ་ལས་མི་མི་ཐེངས་310ལས་ཞུགས་ཐུབ་པ། ས་གནས་དེ་གའི་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་200ལྷག་ཙམ་བྱུང་ནས་ཐོན་ཁུངས་གསར་སྤེལ་དང་གྲོང་གསེབ་དར་རྒྱས་ཕན་ཚུན་གཉིས་ཕན་དང་ཕན་ཚུན་སྐུལ་སྤེལ་ཐུབ་པར་སྐུལ་འདེད་ནུས་ལྡན་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།