དབུ་ཤོག>པར་མཛོད།>པར་མཁན།
  • “གནམ་འོག་གི་སྐྲ་རིང་གྲོང་ཚོ་དང་པོར”སྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-06

    ཀོང་ཤིས་ལུང་ཧྲེང་མི་རིགས་ཁག་རང་སྐྱོང་རྫོང་ལུང་ཅི་གྲོང་རྡལ་དུ་གནས་པའི་ཧོང་ལོ་ཡའོ་རིགས་གྲོང་སྡེར་ཡའོ་རིགས་ཀྱི་སྤུན་ཟླ་མང་པོ་འཛོམས་ཀྱི་ཡོད། དེ་གའི་ཧུང་ཡའོ་རིགས་ཀྱི་བུད་མེད་ཚོས་གནའ་སྔ་མོ་ནས་སྐྲ་རིང་པོ་འཇོག་སྲོལ་ཡོད་པར་བརྟེན་གྲོང་ཚོ་དེར“གནམ་འོག་གི་སྐྲ་རིང་གྲོང་ཚོ་དང་པོ”ཞེས་འབོད་ཀྱི་ཡོད། ཉེ་བའི་ལོ་ཤས་རིང་། ཧོང་ལོ་ཡའོ་རིགས་གྲོང་སྡེས་ཧུང་ཡའོ་ཡི་སྲོལ་རྒྱུན་རིག་གནས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུར་དམིགས་ནས་ཧུང་ཡའོ་ཡི་སྐྲ་རིང་དང་། རས་འཐག་ལག་རྩལ། གླུ་གར་སོགས་བརྒྱུད་ཧུང་ཡའོ་ཡི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་གྲོང་གསེབ་དར་རྒྱས་ཟུང་འབྲེལ་ནུས་ལྡན་བྱས་པར་བརྟེན་ས་གནས་ཀྱི་ཡའོ་རིགས་མང་ཚོགས་མི་ཉུང་བས་ཡུལ་སྐོར་འཕེལ་རྒྱས་བཏང་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱུང་ཡོད་ཅིང་། འདི་ནི་ཕྱི་རྒྱལ་གྱི་ཡུལ་སྐོར་བས་ཧོང་ལོ་ཡའོ་རིགས་གྲོང་སྡེར་དྲན་རྟེན་དངོས་པོ་ཉོ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།