དབུ་ཤོག>པར་མཛོད།
  • སྤེལ་རེས་མཉམ་ལས་ཀྱིས། འཕེལ་རྒྱས་མཉམ་དུ་གླེང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-06

    ཟླ་7ཚེས་4ཉིན་གྱི་ཕྱི་དྲོར། ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་བཞི་པའི་ཐོག་སྐྱེ་ཁམས་རིག་གནས་ཡུལ་སྐོར་དང་། སྲོལ་རྒྱུན་གསོ་རིག ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་བཅས་ཀྱི་གྲལ་སྒོར་ཚོགས་འདུ་སོ་སོར་འཚོགས་པ་རེད། རྒྱལ་ཁབ་ཁག་གི་སྐུ་མགྲོན་ཚོས་གཏམ་བཤད་ལྷུག་པོར་སྤེལ་ནས་ཧི་མ་ལ་ཡའི་མཐའ་འཁོར་གྱི་ས་ཁུལ་གྱི་རྒྱལ་ཁབ་མཉམ་ལས་འཕེལ་རྒྱས་དང་མཉམ་སྐྲུན་མཉམ་སྤྱོད་ཕྱིར་ཐབས་འདོན་ཇུས་འབུལ་བྱས་པ་རེད།

    ཟླ་7ཚེས་3ཉིན། ཀྲུང་གོའི་བོད་ལྗོངས“ཧི་མ་ལ་ཡའི་མཐའ་འཁོར”གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་བཞི་པར་ཞུགས་མཁན་སྐུ་མགྲོན་གཅིག་རྗེས་གཉིས་མཐུད་ངང་ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་དུ་འབྱོར་བ་རེད། དམིགས་བསལ་ཁྱད་ཆོས་ལྡན་པའི་བོད་ཀྱི་རིག་གནས་འགྲེམས་སྟོན་བྱ་ཆེད། གཙོ་གཉེར་ཕྱོགས་ཀྱིས་ཚོགས་རའི་མཐའ་འཁོར་དུ་ཞིམ་ཟས་ཚོང་འདུས་དང་། ཐོན་རྫས་འགྲེམས་ཚོང་། མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན་སོགས་བྱེད་སྒོ་སྤེལ་ཡུལ་དང་ཉམས་ལེན་རྣམ་གྲངས་མང་པོ་བཙུགས་ཏེ། རྒྱལ་ཁབ་ཁག་གི་སྐུ་མགྲོན་ཚོས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོའི་ཁྲོད་ནས་ཉིང་ཁྲི་དང་བོད་ལྗོངས་ལ་རྒྱུས་ལོན་ཟབ་མོ་ཡོང་བར་བྱས་པ་རེད། འདི་ནི་ཅོར་ཏན་ནས་ཡིན་པའི་སྐུ་མགྲོན་གྱིས་བོད་ཀྱི་ཁྱད་ལྡན་རིག་གནས་བསམ་བཀོད་ཀྱི་ཐོན་རྫས་ལ་རྒྱུས་ལོན་བྱེད་བཞིན་པ།


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།