ལྷ་ས་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་གྱིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་ འཛུགས་པའི”ཆེད་དོན་འཆད་ཁྲིད་བྱས་པ།
འདི་ནི་ནགས་ཚལ་མེ་ཟོན་རུ་ཆེན་གྱི་རུ་མི་ཚོས་ཆེད་དོན་སློབ་ཚན་ཉན་བཞིན་པ།
ཉེ་ཆར་ལྷ་ས་གྲོང་ཁྱེར་ནགས་ཚལ་མེ་ཟོན་རུ་ཆེན་གྱིས་བོད་རང་སྐྱོང་ལྗོངས་རྟེན་མཛོད་ཁང་གི་འགྲེམས་སྟོན་པུའི་ཀྲུའུ་རེན་གཞོན་པ་ཐང་ཚུང་ལི་རུ་ཆེན་དུ་གདན་དྲངས་ནས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི”ཆེད་དོན་འཆད་ཁྲིད་བྱས་པ་རེད།
འཆད་ཁྲིད་རིང་། དགེ་རྒན་ཐང་ཚུང་ལིས“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི”སྙིང་དོན་དང་བོད་ཀྱི་གནའ་རབས་ལོ་རྒྱུས་དང་། ཉེ་རབས་ལོ་རྒྱུས། གསར་བརྗེའི་ལོ་རྒྱུས་བཅས་ཟུང་འབྲེལ་གང་ལེགས་བྱས་ཤིང་། ལོ་རྒྱུས་ཀྱི་དཔྱད་གཞི་ཞིབ་ཕྲ་དང་། གཏམ་རྒྱུད་གསོན་ཉམས་དོད་པོ། སྐད་ཆ་གོ་བདེ་ཤེས་སླ་བཅས་ཀྱི་ཐོག་ནས་གནའ་སྔ་མོ་ནས་བཅིངས་འགྲོལ་བཏང་བའི་བར་གྱི་བོད་ཀྱི་འབད་འཐབ་བརྒྱུད་རིམ་དང་ད་ཆ་ཐོབ་པའི་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་རླབས་པོ་ཆེར་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད། དེ་གར་ཡོད་པའི་བཀོད་འཐབ་པས་ནན་ཏན་ངང་ཉན་ཞིང་། སློབ་སྦྱོང་བྱས་པ་བརྒྱུད་བོད་ལྗོངས་གསར་པ་ལས་སླ་མོར་བྱུང་བ་ཞིག་མིན་པའི་ངོས་འཛིན་ཟབ་མོ་བྱུང་བ་རེད།
སློབ་ཚན་ཉན་རྗེས། བཀོད་འཐབ་པ་ཚོས། བོད་ཀྱི་ལོ་རྒྱུས་ལ་འཛིན་པའི་ངོས་འཛིན་སྔར་བས་ཟབ་ཏུ་ཕྱིན་སོང་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་དོན་སྙིང་གལ་ཆེན་ལ་ཤེས་རྟོགས་གསལ་པོ་བྱུང་སོང་ཞེས་བཤད། ཁོང་ཚོས། ད་རེས་ཀྱི་ཆེད་དོན་སློབ་ཚན་གོ་སྐབས་སུ་བྱས་ཏེ་བསླབ་འདོམས་ཚིག་དོན་གྱི་དགོངས་པ་ལག་ལེན་ཧུར་ཐག་བསྟར་བ་དང་། འགན་འཁྲི་བློ་ལ་བརྟན་པོར་ངེས་པ། རིགས་པའི་གཞུང་ལུགས་སློབ་སྦྱོང་། བསམ་བློའི་ངོས་འཛིན་མཐོར་གཏོང་བཅས་བྱས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པ་དེ་བོད་ཀྱི་ལས་དོན་ཁག་ལ་གཞི་ཚུགས་ནས་ལས་སྒྲུབ་འབད་འཐབ་བྱེད་པའི་སྒུལ་ཤུགས་སུ་བསྒྱུར་ནས། བློ་གཅིག་སེམས་གཅིག་གིས་དུས་རབས་གསར་པའི་མེ་ཟོན་རོགས་སྐྱོབ་བྱ་གཞག་ནང་ཞུགས་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བརྗོད།