དབུ་ཤོག>པར་མཛོད།>པར་མཁན།
  • རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭ་ཧྲེན་ཀྲུང་བགྲོད་ལམ་དུ་འཁོར་རིགས་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-02

     འདི་ནི་གློག་སྒྲོན་ཐོག་མར་སྦར་དུས་ཀྱི་ཧྲེན་ཀྲུང་བགྲོད་ལམ་ཡིན་པ།

    འདི་ནི་འཛུགས་སྐྲུན་བྱེད་བཞིན་པའི་ཧྲེན་ཀྲུང་བགྲོད་ལམ་གྱི་མིས་བཟོས་གླིང་ཕྲན་ནུབ་མ་ཡིན་པ།

    འདི་ནི“བར་སྣང་ཨང་དང་པོ་རྟགས་ཅན”སྒྲོམ་འདྲེན་གཞི་གཅིག་གྲུ་གཟིངས་ཀྱིས་ཧྲེན་ཀྲུང་བགྲོད་ལམ་གྱི་ཁུང་སྒོའི་ཨར་འདམ་ཀ་བ་མཐའ་མ་དེ་འདེགས་བཞིན་པ།

    ཟླ་6ཚེས་30ཉིན་དུས་ཡུན་ལོ་བདུན་བརྒྱུད་བསྐྲུན་པའི་རྒྱལ་ཁབ་ཀྱི་གཙོ་གནད་ལས་གྲྭ་ཧྲེན་ཀྲུང་བགྲོད་ལམ་དུ་འཁོར་རིགས་ཚོད་ལྟའི་ངང་ཤར་གཏོང་བྱས་ཏེ་ཧྲེན་ཀྲེན་ནས་ཀྲུང་ཧྲན་བར་གྱི་ལམ་ཐག་དེ་སྔའི་ཆུ་ཚོད་2ནས་སྐར་མ་30བར་ཐུང་དུ་སོང་ཡོད། ཧྲེན་ཀྲུང་བགྲོད་ལམ་གྱི་རིང་ཚད་ཧྲིལ་པོར་སྤྱི་ལེ་24ལྷག་ཟིན་ལ“ཟམ་པ་དང་། གླིང་ཕྲན། ཕུག་ལམ། ཆུ་འོག་འབྲེལ་མཐུད”བཅས་གཅིག་འདུས་ཡིན་པས། དེ་ནི་འཛམ་གླིང་ཐོག་ཕྱོགས་བསྡུས་འཛུགས་སྐྲུན་གྱི་དཀའ་ཚད་ཆེ་ཤོས་ཀྱི་མཚོ་སྒྲོལ་མཉམ་འདུས་ཀྱི་ལས་གྲྭ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།