སློབ་མར་བདེ་འཇགས་སློབ་གསོ་བཏང་ནས་བདེ་ཐང་དང་སྤྲོ་སྣང་ལྡན་པའི་དབྱར་གསེང་བསུས་པ།
ཉེ་དུས། ཁྲུང་ཆིང་གི་ས་གནས་ཁག་གི་སློབ་གྲྭ་འབྲིང་ཆུང་དག་རིམ་བཞིན་དབྱར་ཁའི་གུང་གསེང་བཞག་པ་དང་། སློབ་མ་ཚོ་བདེ་འཇགས་དང་བདེ་ཐང་གི་གུང་གསེང་ཞིག་གཏོང་ཐུབ་ཕྱིར་ཁྲུང་ཆིང་གྲོང་ཁྱེར་ཅིའུ་ལུང་ཕོ་ཆུས་ཁྲུང་ཆིང་ལྕགས་ལམ་སློབ་ཆུང་གིས་ས་གནས་དེ་གའི་ཁྲིམས་འཛིན་ཅུས་དང་སློབ་གྲྭའི་ཉེ་འགྲམ་གྱི་སྡེ་ཁུལ་དང་མཉམ་དུ“སློབ་མར་བདེ་འཇགས་སློབ་གསོ་གཏོང་བ”ཞེས་པའི་བྱེད་སྒོ་སྤེལ་ཡོད། འདི་ནི་ཁྲུང་ཆིང་ལྕགས་ལམ་སློབ་ཆུང་དང་ས་གནས་དེ་གའི་ཁྲིམས་འཛིན་ཅུས་ཀྱི་དང་བླངས་པས་སློབ་མ་ཚོར་ན་སོ་དར་ལ་མ་བབས་པའི་མིའི་བདེ་འཇགས་སློབ་གསོའི་ལག་དེབ་ཆུང་ངུའི་ནང་དོན་ངོ་སྤྲོད་བྱེད་བཞིན་པ།