སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱས་པ།
ཉེ་ཆར། ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་གིས་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ“མ་ཡུམ་གཙང་པོར་གཅེས་སེམས་བཅངས་ནས་སྐྱེ་ཁམས་ཀྱི་ཁྱིམ་གཞིས་མཉམ་དུ་སྲུང”ཞེས་པའི་བརྗོད་དོན་གཙོ་བོའི་ཁོར་ཡུག་སྲུང་སྐྱོང་གི་བྱེད་སྒོ་སྤེལ་ཏེ་ཡར་འབྲོག་གཡུ་མཚོའི་འགྲམ་དང་ཆུ་ཡུར་སོགས་ས་ཁོངས་ཀྱི་གད་སྙིགས་གཙང་སེལ་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་རང་བྱུང་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱས་པ་རེད། འདི་ནི་སྣ་དཀར་རྩེ་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཡར་འབྲོག་གཡུ་མཚོའི་འགྲམ་དུ་གད་སྙིགས་གཙང་སེལ་བྱེད་བཞིན་པ།