དབུ་ཤོག>པར་མཛོད།>པར་མཁན།
  • དོམ་ཁྲ“ཡུན་ཁྲོན”དང“ཤིན་པའོ”ཨ་རིར་རྡོག་ཐོན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-06-28

    ཟླ་6ཚེས་26ཉིན་གྱི་དགོང་མོར། དོམ་ཁྲ“ཡུན་ཁྲོན”དང“ཤིན་པའོ”བླུགས་པའི་རླངས་འཁོར་རུ་ཁག་དོམ་ཁྲ་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་གཡག་རྔའི་པི་ཧྥུང་ཞའི་རྟེན་གཞི་ནས་ཐོན། དོམ་ཁྲ་གཉིས་པོ་གཙང་གླས་གནམ་གྲུར་བསྡད་དེ་ཁྲེང་ཏུའུ་ཧྲོང་ལིའུ་རྒྱལ་སྤྱིའི་གནམ་ཐང་ནས་ཨ་རིར་འཕུར་བ་ལས་རེས་སྐོར་གསར་པའི་ཀྲུང་གོ་དང་ཨ་རིའི་དོམ་ཁྲ་སྲུང་སྐྱོང་གི་མཉམ་ལས་འགོ་ཚུགས་པ་མཚོན་ཡོད། དོམ་ཁྲ་མོ“ཤིན་པའོ”2020ལོའི་ཟླ་7ཚེས་23ཉིན་སྐྱེས་པ་དང་གཤིས་ཀ་འཇམ་ཞིང་སྙིང་རྗེ་པོ་ཞིག་ཡོད་པ་དང་། དོམ་ཁྲ་ཕོ“ཡུན་ཁྲོན”2019ལོའི་ཟླ་7ཚེས་28ཉིན་སྐྱེས་པ་དང་སྤྱང་གྲུང་དོད་ལ་བདེ་ལྕག་འཁྱུག་པོ་ཞིག་ཡོད། འདི་ནི་ཀྲུང་གོའི་དོམ་ཁྲ་སྲུང་སྐྱོང་ཞིབ་འཇུག་ལྟེ་གནས་གཡག་རྔའི་པི་ཧྥུང་ཞ་རྟེན་གཞི་ནས་པར་བླངས་པའི་དོམ་ཁྲ“ཤིན་པའོ”ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།