དབུ་ཤོག>པར་མཛོད།>པར་མཁན།
  • ཉིང་ཞ་ཀྲུང་ཝུའེ་ཡིས་རླངས་འདྲེན་སྦུབས་ལམ་ལ་དམིགས་བསལ་སྐོར་གཡེང་བྱས་ནས་ནུས་རྒྱུ་མཁོ་སྤྲོད་ལ་འགན་ལེན་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-28

    ཉིང་ཞ་ཀྲུང་ཝུའེ་གྲོང་ཁྱེར་ཧྲ་པོ་ཐོའུ་ཆུས་སུ་གནས་པའི་རྒྱལ་ཁབ་མདོང་དྲ་ཚོགས་པའི་ནུབ་བྱང་ཀུང་སིའི་དབྱིང་ཁྲོན་སྣུམ་རླངས་སྐྱེལ་འདྲེན་ཡན་ལག་ཀུང་སི་ཀྲུང་ཝུའེ་རླངས་གནོན་ས་ཚིགས་ནི་ནུབ་རླངས་ཤར་ཁྲིད་ལས་གྲྭའི་ཉིང་ཞ་དུམ་བུའི་བགྲོད་ལམ་གལ་ཆེན་ཞིག་ཡིན་ཞིང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་། འབྲི་ཆུའི་ཟུར་གསུམ་ཁུལ། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ་སོགས་སུ་རླངས་འདོན་ལས་འགན་ལ་འགན་ལེན་བྱེད་ཀྱི་ཡོད། རྒྱལ་ཁབ་མདོང་དྲ་ཚོགས་པའི་ནུབ་བྱང་ཀུང་སིའི་དབྱིང་ཁྲོན་སྣུམ་རླངས་སྐྱེལ་འདྲེན་ཡན་ལག་ཀུང་སིས་རྨ་ཆུ་དང་བྱེ་ཐང་སོགས་བརྒྱུད་ནས་ས་ཁོངས་གལ་ཆེན་གྱི་རླངས་འདྲེན་མདོང་དྲའི་སྒྲིག་ཆས་ལ་དམིགས་བསལ་གྱི་སྐོར་གཡེང་ཞིབ་བཤེར་བྱས་ནས། མདོང་དྲའི་མངོན་མེད་རྐྱེན་ངན་མེད་པར་བཟོས་ཏེ་མདོང་དྲ་བདེ་འཇགས་དང་འཁོར་སྐྱོད་བརྟན་པོ་བྱ་རྒྱུར་འགན་ལེན་བྱས་པ་དང་། དབྱར་གློག་སྙོམས་སྒྲིག་རིང་གི་ནུས་རྒྱུ་མཁོ་སྤྲོད་བརྟན་པོ་ཡོང་བར་འགན་ལེན་བྱས་པ་རེད། འདི་ནི་ཟླ་6ཚེས་24ཉིན་རྒྱལ་ཁབ་མདོང་དྲ་ཚོགས་པའི་ནུབ་བྱང་ཀུང་སིའི་དབྱིང་ཁྲོན་སྣུམ་རླངས་སྐྱེལ་འདྲེན་ཡན་ལག་ཀུང་སིའི་ལས་མིས་བྱེ་ཐང་དུ་སྣུམ་རླངས་སྐྱེལ་འདྲེན་མདོང་དྲར་སྐོར་ཞིབ་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།