དབུ་ཤོག>པར་མཛོད།
  • དུག་འགོག་འདུ་ཤེས་ཟབ་ཏུ་བཏང་། བདེ་ཐང་འཚར་ལོངས་ཡོང་བར་འབད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-06-28

    འདི་ནི་མེ་ཏོག་རྫོང་དགུ་ཐང་ཤང་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་དགུ་ཐང་ཤང་སློབ་ཆུང་གི་དགེ་སློབ་ཚོར་དུག་འགོག་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།

    འདི་ནི་དང་བླངས་པས་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་སློབ་ཆུང་གི་དགེ་སློབ་ཚོར་དུག་འགོག་ཤེས་བྱ་འགྲེལ་བཤད་རྒྱག་བཞིན་པ།

    2024ལོའི་ཟླ་6པ་ནི་རང་རྒྱལ་གྱི་དམངས་ཡོངས་ཀྱི་དུག་འགོག་དྲིལ་བསྒྲགས་ཟླ་བ་ཐེངས་14པ་དེ་རེད། གཞོན་ནུ་ལོ་ཆུང་གི་དུག་རྫས་སྔོན་འགོག་སློབ་གསོའི་ལས་དོན་གཏིང་ཟབ་སྤེལ་ནས་སློབ་མར་དུག་རྫས་ཀྱི་རྒྱུན་ཤེས་དང་གནོད་འཚེ་སྔར་བས་ཤེས་རྟོགས་ཐུབ་པར་བྱ་ཆེད། ཉེ་ཆར། རང་ལྗོངས་ཀྱི་སློབ་གྲྭ་ཁག་གིས་དུག་འགོག་དྲིལ་བསྒྲགས་ཀྱི་བྱེད་སྒོ་གཅིག་རྗེས་གཉིས་མཐུད་དུ་སྤེལ་ནས་རྒྱ་ཆེའི་དགེ་སློབ་རྣམས་ཀྱིས་དུག་རྫས་ལ་ངོས་འཛིན་དང་། དུག་རྫས་སྔོན་འགོག དུག་རྫས་སྤོང་བ་བཅས་ཀྱི་འདུ་ཤེས་ཟབ་ཏུ་དང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།