ཧོ་ནན་ལུའོ་དབྱང་དུ་2024ལོའི་ཀྲུང་གོའི་འགྲན་རའི་རྐང་འཁོར་མཉམ་འབྲེལ་འགྲན་བསྡུར་གྱི་མཐའ་བསྡུར་འགོ་ཚུགས་པ།
ཟླ་6ཚེས་26ཉིན་2024ལོའི་ཀྲུང་གོའི་འགྲན་རའི་རྐང་འཁོར་མཉམ་འབྲེལ་འགྲན་བསྡུར་གྱི་མཐའ་བསྡུར་ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར་ལུས་རྩལ་ལྟེ་གནས་ཀྱི་རྐང་འཁོར་ཁང་དུ་འགོ་ཚུགས་ཤིང་། འགྲན་བསྡུར་དེ་ཚེས་30ཉིན་བར་བྱ་རྒྱུ་རེད། འདི་ནི་ཟླ་6ཚེས་26ཉིན་ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར་ལུས་རྩལ་ལྟེ་གནས་ཀྱི་རྐང་འཁོར་ཁང་དུ་བདམས་ཐོན་པས་འགྲན་བསྡུར་བྱེད་བཞིན་པ།