པར་རིས་གསར་འགྱུར།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་ཤང་གྲོང་དང་གྲོང་ཚོ(གྲོང་ལྷན)ཁག་གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“བུད་མེད་ཀྱི་ཁྱིམ་གཞིས”ལ་བརྟེན་ནས་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་བུད་མེད་དང་བླངས་ཞབས་ཞུའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བར་མང་ཚོགས་ཀྱི་དགའ་བསུ་རྒྱ་ཁྱབ་ངང་ཐོབ་ཅིང་། འདི་ནི་ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་ཆུ་ཤུར་གྲོང་ཚོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བུད་མེད་དང་བླངས་ཞབས་ཞུའི་རུ་ཁག་གི་རུ་མིས་མི་ཧྲེང་རྒན་རྒོན་དང་ཅི་འཕྲོས་མོལ་འཕྲོས་བྱེད་བཞིན་པ།