དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • ཁྲུང་ཁྲུང་སྐེ་ནག་གི་རིགས་རྒྱུད་མང་པོ་འཕེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-26

    ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་གི་ས་བབ་མཐོ་ཚད་སྨི་4700ལྷག་ཙམ་ཟིན་པའི་འདམ་རའི་ནང་ཆ་དང་ཆ་འགྲིག་པའི་ཁྲུང་ཁྲུང་སྐེ་ནག་གིས་བྱ་ཕྲུག་མང་པོ་གསོས་ཡོད། སྒོ་ང་ནས་ཐོན་མ་ཐག་པའི་བྱ་ཕྲུག་གི་སྤུ་མདོག་སེར་པོ་ཡིན་པ་དང་ཁོང་ཚོས་རང་ཉིད་ཀྱི་ཕ་མའི་གམ་ནས་ཟས་འཚོལ་སྟངས་སློབ་སྦྱོང་བྱེད་བཞིན་ཡོད་པ་རེད།

    འདི་ནི་ཁྲུང་ཁྲུང་སྐེ་ནག་གིས་བྱ་ཕྲུག་ཁྲིད་ནས་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་ཁོངས་ཀྱི་འདམ་ར་ཞིག་ཏུ་ཟས་འཚོལ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།