བདེ་འཇགས་ཤེས་བྱ་སྦྱངས་ནས་དབྱར་གསེང་བསུ།
དབྱར་གསེང་འཆར་ཉེའི་མཚམས་སུ། ས་གནས་ཁག་གི་སློབ་གྲྭ་འབྲིང་ཆུང་ཁག་གིས་དབྱར་གསེང་རིང་གི་བདེ་འཇགས་སློབ་གསོའི་བྱེད་སྒོ་སྤེལ་ནས། སློབ་མའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་དང་རང་ངོས་འགོག་སྲུང་གི་ནུས་པ་ཆེ་རུ་བཏང་སྟེ། སློབ་མ་ཚོས་བདེ་འཇགས་དང་སྤྲོ་སྣང་དོད་པའི་དབྱར་གསེང་གཏོང་ཐུབ་པར་བྱས་པ་རེད།
འདི་ནི་ཧྲན་ཏུང་ཞིང་ཆེན་རུང་ཁྲེང་གྲོང་ཁྱེར་ཧྥུའུ་ཤིན་སློབ་ཆུང་དུ། མི་དམངས་ཉེན་རྟོག་པས་སློབ་ཆུང་སློབ་མར་བདེ་སྲུང་ཞྭ་མོ་གོན་སྟངས་སློབ་བཞིན་པ།