དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • ཐོན་སློབ་མཉམ་འདྲེས། སྤུས་འཕར་ལེགས་སྐྱོང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-26

    ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭས་ཆེད་ལས་ཐོན་ལས་དང་ག་སྦྱོར་བར་གཞི་ཚུགས་པ་དང་། ས་གནས་དེ་གའི་ཐོན་ལས་བཀོད་ཇུས་དང་མཉམ་འདྲེས། ཁྲོམ་རའི་དགོས་མཁོར་དམིགས་པ་བཅས་བྱས་ནས། སྒོ་ཕྱུགས་དང་ཁྱིམ་བྱའི་ཐོན་སྐྱེད་ལག་རྩལ་དང་། མཛེས་རྩལ་འཆར་འགོད་དང་བཟོ་འགོད། བོད་ཀྱི་གསོ་བ་རིག་པའི་སྨན་བཅོས་དང་བོད་སྨན། ཟོག་འགྲེམས་ཞབས་ཞུ་དང་དོ་དམ། མི་རིགས་རིག་གནས་སྒྱུ་རྩལ་སོགས་ཀྱི་ཆེད་ལས་15བཀོད་སྒྲིག་བྱས་ཏེ་ཐོན་སློབ་མཉམ་འདྲེས་དང་སྤུས་འཕར་ལེགས་སྐྱོང་ལ་སྐུལ་འདེད་བཏང་ནས་ནག་ཆུ་གྲོང་ཁྱེར་གྱི་ལས་རིགས་སློབ་གསོ་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱས་ཡོད་པ་རེད།

    འདི་ནི་ནག་ཆུ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭའི་སློབ་མས་རི་མོ་འབྲི་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།