འབྲི་ཆུའི་མཚོ་ཐོག་སྐྱེལ་འདྲེན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་པ།
ཉེ་བའི་ལོ་ཤས་རིང་། ཧུའུ་པེ་ཡིས་ཁུལ་གནས་ཀྱི་ལེགས་ཆར་གཞིགས་ནས་བློ་བརྟན་འགྱུར་མེད་ངང་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་བ་མ་ཟད། རྒྱལ་ནང་གི་མཚོ་ཐོག་སྐྱེལ་འདྲེན་གྱི་ལྟེ་གནས་རྩེ་གྲ་གཏོད་པའི་དམིགས་ཚད་ལ་གཞིགས་ཏེ་ཧུའུ་པེའི་མཚོ་ཐོག་སྐྱེལ་འདྲེན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། མཚོ་ཐོག་སྐྱེལ་འདྲེན་བྱེད་སྟངས་དེ་བས་ལྗང་མདོག་ལ་འགྱུར་བར་ཤུགས་སྣོན་རྒྱག་པ། དྲ་རྒྱའི་ལེགས་ཆ་དེ་བས་མངོན་གསལ་དོད་པ། མཐུན་སྦྱོར་མཉམ་ལས་དེ་བས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། འབྲི་ཆུའི་མཚོ་ཐོག་སྐྱེལ་འདྲེན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ“ཧུའུ་པེའི་ལག་ལེན”མཁོ་འདོན་བྱས་ཤིང་། འདི་ནི་ཝུའུ་ཧན་དབྱང་ལུའོ་གྲུ་ཁ་ཡིན་པ།