མཚེའུས་བསྐོར་བའི་གྲོང་ཁྱེར་ལྷག་པར་མཛེས།
ནུབ་བྱང་མཚམས་སུ་གནས་པའི་ཉིང་ཞ་དབྱིང་ཁྲོན་གྲོང་ཁྱེར་གྱིས་ཉེ་བའི་ལོ་ཤས་རིང་སྐྱེ་ཁམས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་སྐྲུན་དང་། མི་ཆུ་ཞི་མཐུན་གྱི་ལམ་བུའི་ཐོག་ཆུ་སྲུང་སྐྱོང་དང་། ཆུ་བཅོས་སྐྱོང་། ཆུ་བེད་སྤྱོད་བཅས་བྱས་ཏེ“གྲོང་ཁྱེར་མཚེའུས་རྒྱན་པས་མཛེས་སྡུག་ལྡན། གྲོང་ཁྱེར་ནང་གི་མཚེའུ་ལྷག་པར་མཛེས་པ”མཛེས་ལྗོངས་གསར་པ་ཞིག་བཏོད་ཡོད། 2018ལོར་དབྱིང་ཁྲོན་གྲོང་ཁྱེར་གོ་ལ་ཧྲིལ་པོའི“རྒྱལ་སྤྱིའི་འདམ་རའི་གྲོང་ཁྱེར”ཁག་དང་པོར་བདམས་ཐོན་བྱུང་ཡོད།
མིག་སྔར། དབྱིང་ཁྲོན་གྲོང་ཁྱེར་དུ་འདམ་རའི་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་5.31ཟིན་པའི་ནང་རང་བྱུང་མཚེའུ་200ཙམ་དང་། རྒྱལ་ཁབ་རིམ་པའི་འདམ་རའི་སྤྱི་གླིང་5ཡོད་པ། འདམ་རར་འགྱུར་ཚད་10.65%ཟིན་པ། འདམ་རར་སྲུང་སྐྱོང་བྱེད་ཚད་85%ཟིན་ཡོད།
འདི་ནི་ཉིང་ཞ་དབྱིང་ཁྲོན་གྲོང་ཁྱེར་པའོ་ཧུའུ་རྒྱལ་ཁབ་གྲོང་ཁྱེར་འདམ་རའི་སྤྱི་གླིང་ཡིན་པ།