གཅེས་སེམས་བཅངས་ནས་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱས་པ།
བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱ་ཆེད། ཉེ་ཆར། ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྟོང་རྭ་ཤང་གི་གནས་སྐབས་ཏང་ཀྲི་པུས་གྲོང་སྡོད་ལས་དོན་རུ་ཁག་ཁག་དང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་དང་བླངས་པ་20ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་སློབ་མ་ཚོར་སྒོར་ཁྲི་3ལྷག་ཙམ་ཟིན་པའི་ཡིག་ཆས་སྤྲད་པ་རེད། དང་བླངས་པས་ལག་རྟགས་སྤྲོད་ཀྱིན་སློབ་མ་ཚོར་སློབ་སྦྱོང་ལ་འབད་བརྩོན་ལྷོད་མེད་བྱས་ཏེ་གཡུར་ཟའི་གྲུབ་འབྲས་ཐོག་ནས་སྤྱི་ཚོགས་ཀྱི་དྲིན་ལན་འཇལ་དགོས་པའི་ལྕག་སྐུལ་བྱས་ཡོད། འདི་ནི་དང་བླངས་པས་སློབ་མ་ཚོར་ཡིག་ཆས་སྤྲོད་བཞིན་པ།