དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • རྒྱུན་དུ་དྲིལ་བསྒྲགས་སློབ་གསོ་བརྒྱབ། འགྲིམ་འགྲུལ་བདེ་འཇགས་སེམས་ནང་བཞག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-06-14

    སྡེ་ཁུལ་གྲོང་མིའི་འགྲོ་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཞི་མཐུན་དང་ཤེས་དཔལ་གྱི་འགྲོ་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་བཏོད་ནས། སྡེ་ཁུལ་གྲོང་མིའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱ་ཆེད། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་སྟོད་ལུང་རུ་ཆེན་གདོང་དཀར་རུ་འབྲིང་གིས་མི་དམངས་ཉེན་རྟོག་པ(ལས་རོགས་ཉེན་རྟོག་པ)བཙན་ཁང་སྡེ་ཁུལ་དུ་བསྐྱོད་ནས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་མི་དམངས་ཉེན་རྟོག་པས(ལས་རོགས་ཉེན་རྟོག་པ)ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྡེ་ཁུལ་གྱི་གྲོང་མིར“རྨོག་ཞྭ་གཅིག་དང་སྲུང་ཐག་གཅིག”གི་གལ་ཆེའི་རང་བཞིན་དང་དེ་བཞིན་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལས་བྱུང་བའི་གནོད་འཚེ་ཚབས་ཆེན་སྐོར་འགྲེལ་བཤད་གཏིང་ཟབ་བརྒྱབ་ནས། སྡེ་ཁུལ་གྱི་གྲོང་མིས་འགྲིམ་འགྲུལ་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་བ་དང་ཡ་རབས་ངང་འགྲིམ་འགྲུལ་བྱ་སྤྱོད་ནང་ཞུགས་རྒྱུའི་ཁྲིད་སྟོན་བྱས་ཡོད།

    འདི་ནི་དམངས་ཉེན་རྟོག་པས(ལས་རོགས་ཉེན་རྟོག་པ)སྡེ་ཁུལ་གྱི་གྲོང་མིར་དྲིལ་བསྒྲགས་དཔྱད་ཡིག་སྤྲོད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།