རྒས་དུས་འཚོ་རྟེན་ཡོད་པ་དང་སེམས་ལ་རྟེན་ས་ཡོད་པ།
སྒར་རྫོང་རྒན་རྒོན་གཅིག་སྡུད་བསྙེན་བཀུར་ལྟེ་གནས་ཀྱི་རྒན་རྒོན་བདེ་སྲུང་འཕུར་བཅོས་ཁང་དུ་འཕུར་མཉེད་གཏོང་བཞིན་པ།
སྒར་རྫོང་རྒན་རྒོན་གཅིག་སྡུད་བསྙེན་བཀུར་ལྟེ་གནས་ཀྱི་སྨན་བཅོས་ཁང་དུ་སྨན་དོན་པས་རྒན་རྒོན་གྱི་གཟུགས་པོར་བརྟག་དཔྱད་བྱེད་བཞིན་པ།
གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་གྱི་རྒན་གསོ་ཁང་གི་རྒན་རྒོན་ཁྱིམ་ཚང་ཆེན་པོའི་ནང་ཚེ་མཇུག་བདེ་ལ་རོལ་བཞིན་པ།
ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་རྒན་རྒོན་གྱི་དགོས་མཁོ་དང་འདུན་པར་དམིགས་ནས་ཁྱིམ་སྡོད་དང་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ལག་བསྟར་ཇུས་གཞི་དང་། སྡེ་ཁུལ་རྒན་རྒོན་གྱི་ཉིན་མོའི་ལྟ་རྟོག་ལྟེ་གནས་གཉེར་སྐྱོང་དོ་དམ་བྱེད་ཐབས། གྲོང་གསེབ་ཀྱི་བདེ་སྐྱིད་ཁང་འཛུགས་སྐྲུན་དོ་དམ་གྱི་མཛུབ་ཁྲིད་བསམ་འཆར་སོགས་ཀྱི་སྲིད་ཇུས་ཡིག་ཆ་བཏོན་པ་དང་། མ་དངུལ་བཏང་ནས་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་80བསྐྲུན་ཏེ། ཁྱིམ་སྡོད་སྡེ་ཁུལ་སྒྲིག་གཞི་མཐུན་སྦྱོར་དང་། སྨན་བཅོས་ལུས་གསོ་དང་བདེ་ཐང་ལུས་གསོ་ཟུང་དུ་འབྲེལ་བའི་རིམ་པ་མང་བའི་རྒན་གསོའི་ཞབས་ཞུའི་མ་ལག་ཧུར་ཐག་གཏོད་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་སྦྲགས་རྒན་རྒོན་གྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཏན་ཏིག་ཕྱིན་ཡོད།
2023ལོའི་ལོ་མཇུག་བར། ལྗོངས་ཡོངས་སུ་འདོད་མོས་ཡོད་མཁན་དཀའ་ངལ་ཡོད་པའི་རྒན་རྒོན་6200ཙམ་ལ་གཅིག་སྡུད་བསྙེན་བཀུར་ཐུབ་ནས་སྲིད་གཞུང་གིས་དམིགས་བསལ་ཚོགས་སྤྱིར་ཐ་སྐྱོང་བྱེད་པའི་རྒན་གསོའི་ཞབས་ཞུར་འགན་སྲུང་ནུས་ལྡན་ཐུབ་ཡོད།