དབུ་ཤོག>པར་མཛོད།>པར་མཁན།
  • འཛམ་གླིང་ཁོར་ཡུག་ཉིན་མོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-06-05

    འཛམ་གླིང་ཁོར་ཡུག་ཉིན་མོ་ནི་ལོ་ལྟར་གྱི་ཟླ་6ཚེས་5ཉིན་ཡིན་པ་དང་། ཉིན་མོ་དེ་གཏན་འཁེལ་བྱས་པ་དེས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཁོར་ཡུག་གི་གནད་དོན་ལ་འཛིན་པའི་ལྟ་སྟངས་དང་རྣམ་འགྱུར་མཚོན་པ་དང་། མཛེས་སྡུག་ལྡན་པའི་ཁོར་ཡུག་ལ་བཅངས་པའི་མིའི་རིགས་ཀྱི་རེ་འདོད་དང་དོན་གཉེར་ཞིག་མཚོན་གྱི་ཡོད། དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གོ་ལ་ཧྲིལ་པོའི་ཁོར་ཡུག་གི་འདུ་ཤེས་ལ་སྐུལ་འདེད་གཏོང་བ་དང་སྲིད་གཞུང་གིས་ཁོར་ཡུག་གི་གནད་དོན་ལ་དོ་སྣང་བྱེད་ཤུགས་ཆེ་རུ་གཏོང་བ་མ་ཟད་བྱ་སྤྱོད་སྤེལ་བའི་མཚམས་སྦྱོར་གཙོ་བོའི་གྲས་ཤིག་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་ཡིས་ལོ་ལྟར་གྱི་ཟླ་6ཚེས་5ཉིན་ཁོངས་མིའི་རྒྱལ་ཁབ་རེ་བདམས་ནས“འཛམ་གླིང་ཁོར་ཡུག་ཉིན་མོའི”དྲན་གསོའི་བྱེད་སྒོ་སྤེལ་ཏེ། 《ཁོར་ཡུག་གི་ད་ལྟའི་གནས་ཚུལ་གྱི་ལོ་འཁོར་གྱི་སྙན་ཞུའི་ཡི་གེ》སྤེལ་བ་དང་དེ་བཞིན“གོ་ལ་ཧྲིལ་པོའི་ལེགས་གྲས་500”ལ་གཟེངས་བསྟོད་བྱེད་པ་དང་ཆབས་ཅིག ལོ་དེ་གའི་འཛམ་གླིང་ཁོར་ཡུག་གི་གནད་དོན་གཙོ་བོ་དང་དེ་བཞིན་ཁོར་ཡུག་ཐད་ཀུན་གྱིས་དོ་སྣང་བྱེད་ཡུལ་ལ་གཞིགས་ཏེ། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས“འཛམ་གླིང་ཁོར་ཡུག་ཉིན་མོའི”བརྗོད་དོན་གཙོ་བོ་གཏན་འཁེལ་བྱེད་ཀྱི་ཡོད་པ་དང་དེའི་མིང་ཆ་ཚང་ལ་འཛམ་གླིང་ཁོར་ཡུག་སྲུང་སྐྱོང་ཉིན་མོ་ཟེར།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།