དབུ་ཤོག>པར་མཛོད།>པར་མཁན།
  • གྲོང་གསེབ་སློབ་ཆུང་གི་རོལ་ཆ་རུ་ཁག་གི་དབྱར་ཁ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-06-03

    དབྱར་ཐོག་མའི་རང་སྒང་དུ། ཀོའུ་ལོའུ་རི་འདབས་ཀྱི་ཧུའུ་ནན་ཞིང་ཆེན་ཧེང་དབྱང་གྲོང་ཁྱེར་ཧེང་དབྱང་རྫོང་ཀོའུ་ལོའུ་ཤང་མེའོ་ཤིས་སློབ་ཆུང་དུ་སྙན་འཇེབས་ལྡན་པའི་རོལ་དབྱངས་གྲགས་ཤིང་། རོལ་ཆ་རུ་ཁག་གི་བྱིས་པ་8ཀྱིས་འཁྲབ་སྟོན་བྱས་པའི་ལེ་ཚན་ལ་དགེ་སློབ་དང་གྲོང་མི་ཚོའི་དགའ་བསུ་ཆེན་པོ་ཐོབ་པ་རེད།

    བྱིས་པ་8ཀྱི་ཁྲོད་ནས་7ནི་གཞིས་ལུས་བྱིས་པ་ཡིན་ལ་ལོ་ན་ཆུང་ཤོས་ལོ་9ལ་སླེབས་ཙམ་རེད། ལོ་ཕྱེད་ལྷག་ཙམ་གོང་། ཐག་རིང་ལུང་ཁུག་གི་གྲོང་གསེབ་སློབ་ཆུང་དེས་ཕྱི་ཕྱོགས་ནས་སྒྱུ་རྩལ་གྱི་དམིགས་བསལ་ཁྱད་ཡོན་ལྡན་པའི་དང་བླངས་པ་བསྡུས་ནས་བྱིས་པ་ཚོ་དེ་བས་སྤྲོ་སྣང་ལྡན་ལ་རང་ཡིད་རང་ཆེས་ཀྱི་འཚོ་བ་སྐྱེལ་ཐུབ་པར་བྱས་ཤིང་། རོལ་ཆ་ཚོང་ཁང་གཉེར་མཁན་རོལ་མོའི་དང་བླངས་པ་ཝུན་ཅིང་ཡང་མེའོ་ཤིས་སློབ་ཆུང་དུ་ཡོང་བ་རེད། གཟའ་འཁོར་རེའི་རེས་གཟའ་མིག་དམར་ཉིན་ཁོང་གིས་གྲོང་ཁུལ་ནས་རི་ལམ་ཀྱག་ཀྱོག་བརྒྱུད་ཆུ་ཚོད་གཅིག་དང་ཕྱེད་ཀ་ལྷག་ཙམ་རླངས་འཁོར་བཏང་སྟེ་མེའོ་ཤིས་སློབ་ཆུང་དུ་ཡོང་ནས་བྱིས་པ་ཚོ་དང་མཉམ་དུ་རོལ་ཆ་དཀྲོལ་གྱི་ཡོད་པ་རེད།

    འདི་ནི་ཉིན་ཤས་གོང་། རོལ་ཆ་རུ་ཁག་གི་གཞས་པ་གཙོ་བོ་ཁྲེང་ཅའོ་ལུང(གཡས་ཀྱི་གཉིས་པ)གིས་རིག་རྩལ་མཉམ་འཁྲབ་སྐབས་ཞབས་བྲོ་རྒྱག་པའི་རྣམ་པ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།