དབུ་ཤོག>པར་མཛོད།
  • རང་བྱུང་ལ་ཤེས་རྟོགས་དང་སྲུང་སྐྱོང་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-06-01

    ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ལྷ་མོ་ཚེ་རིང་གིས་བྱེད་སྒོའི་རིང་སློབ་མ་ཆུང་ཆུང་གདན་དྲངས་ནས“དྲིལ་བསྒྲགས་པ་ཆུང་ཆུང”དང“སྲུང་དམག་ཆུང་ཆུང”བྱེད་བཞིན་པ།

    ལྷ་ཀླུ་སློབ་ཆུང་གི་དགེ་སློབ་ཚོས་ལྷ་ཀླུ་འདམ་རའི་མཛེས་ལྗོངས་ལ་ལྟ་བཞིན་པ།

    བོད་ལྗོངས་སློབ་ཆེན་སྐྱེ་ཁམས་ཁོར་ཡུག་སློབ་གླིང་གི་ལས་རོགས་ཚོད་ཞིབ་ཆེ་མོ་བ་ཀྲུའུ་ཝུན་ཅིན་གྱིས་སློབ་ཆུང་སློབ་མར་འདབ་ཆགས་ཀྱི་གསོབ་སྟོན་བཞིན་པ།

    ཟླ་5ཚེས་22ཉིན་ནི་རྒྱལ་སྤྱིའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཉིན་མོ་རེད། བོད་ལྗོངས་ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱིས་ལས་དོན་མི་སྣ་སྒྲིག་འཛུགས་བྱས་ཏེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལྷ་ཀླུ་སློབ་ཆུང་གི་སློབ་མ་ཚོར“སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་དང་ཞི་མཐུན་འདམ་ར་མཉམ་དུ་སྐྲུན་པའི”ཚན་རིག་ཁྱབ་གདལ་གྱི་རང་བྱུང་སློབ་གསོའི་སློབ་ཚན་གསོན་ཉམས་དོད་པ་ཞིག་འཚོགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།