དབུ་ཤོག>པར་མཛོད།
  • རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་བྱ་དགའ་ཆེན་པོའི་འགྲན་བསྡུར་གྱི་ས་ཚིགས་ལྔ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-05-30

    ཚེས་28ཉིན་ཁྲུང་ཆིང་གྲོང་ཁྱེར་དུ་འཚོགས་པའི“རྒྱུད་གཅིག་ལམ་གཅིག”གི་མཆོང་རྒྱུག་འཕེན་གསུམ་གྱི་གདན་ཞུའི་འགྲན་བསྡུར་སྐབས་གཉིས་པ་དང་2024ལོའི་རྒྱལ་ཡོངས་ཀྱི་མཆོང་རྒྱུག་འཕེན་གསུམ་གྱི་བྱ་དགའ་ཆེན་པོའི་འགྲན་བསྡུར་གྱི་ས་ཚིགས་ལྔ་པའི་བུད་མེད་ཀྱི་སྨི་5000གི་མཐའ་བསྡུར་ཁྲོད་ཧྲང་ཧའེ་རུ་ཁག་གི་བདམས་ཐོན་པ་ཞུས་ཧྲོང་ཧྲོང་ལ་སྐར་མ་16དང་སྐར་ཆ་17.08ཀྱི་གྲུབ་འབྲས་ཐོག་ནས་ཨང་དང་པོ་ཐོབ་པ་དང་། ཀྲེ་ཅང་ལུས་རྩལ་རྒྱན་ཤོག་རུ་ཁག་གི་བདམས་ཐོན་པ་ཞུས་ཧུའེ་དང་བོད་ལྗོངས་ལྷ་ས་གྲོང་ཁྱེར་མ་འཇོག་རུ་ཁག་གི་བདམས་ཐོན་པ་ཚེ་རིང་མཚོ་མོ་ལ་ཨང་གཉིས་པ་དང་གསུམ་པ་ཐོབ་ཡོད། འདི་ནི་ཟླ་5ཚེས་28ཉིན་ཧྲང་ཧའེ་རུ་ཁག་གི་བདམས་ཐོན་པ་ཞུས་ཧྲོང་ཧྲོང(གཡས་ཀྱི་གཉིས་པ)དང་། ཀྲེ་ཅང་ལུས་རྩལ་རྒྱན་ཤོག་རུ་ཁག་གི་བདམས་ཐོན་པ་ཞུས་ཧུའེ(གཡོན་གྱི་དང་པོ) བོད་ལྗོངས་ལྷ་སའི་གྲོང་ཁྱེར་མ་འཇོག་རུ་ཁག་གི་བདམས་ཐོན་པ་ཚེ་རིང་མཚོ་མོ(གཡས་ཀྱི་དང་པོ)བཅས་འགྲན་བསྡུར་ལ་ཞུགས་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།