དབུ་ཤོག>པར་མཛོད།
  • ཞིང་ནང་དང་མུ་ཁར་སྒྲོག་འགྲེལ་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-05-30

    པར་གོང་མ་ནི་ལྷོ་ཁ་གྲོང་ཁྱེར་འཕྱོགས་རྒྱས་རྫོང་གི་ཏང་ཡོན་རྒན་གྲས་ཉི་མས་ཤ་གསོས་ཤང་ཚོགས་རྒྱལ་གྲོང་ཚོའི་ཞིང་ནང་དང་མུ་ཁར་གྲོང་མི་ཏང་ཡོན་ལ་ཏང་གི་སློབ་ཚན་འཁྲིད་བཞིན་པ།

    པར་གཡོན་མ་ནི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཆུ་ཤུར་གྲོང་རྡལ་སྨན་བཅོས་འགན་བཅོལ་གཞུང་དོན་ཁང་གིས“བུད་མེད་དམག”གི་དང་བླངས་ཞབས་འདེགས་རུ་ཁག་དང་མཉམ་དུ་གྲོང་ཚོ་ཁག་ཏུ་བསྐྱོད་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་སྒྲོག་འགྲེལ་བྱེད་བཞིན་པ།

    ཉིན་ཤས་བསྟུད་མར་ལྗོངས་ཡོངས་ཀྱི་ས་གནས་ཁག་དང་གྲོང་ཁྱེར་ཁག་གི་སྡེ་ཚན་ཁག་གིས་སྒྲོག་འགྲེལ་ཡན་ལག་རུ་ཁག་བཙུགས་ནས་གཞི་རིམ་གྱི་འབྲོག་ཁུལ་དང་ཞིང་ནང་དང་མུ་ཁར་བསྐྱོད་དེ་ཏང་གི་ཞིང་དར་ཞིང་ཕན་སྲིད་ཇུས་དྲིལ་བསྒྲགས་དང་བཅའ་ཁྲིམས་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་ཟབ་ཏུ་བཏང་སྟེ་ཏང་གི་དམངས་ཕན་སྲིད་ཇུས་ཀུན་གྱིས་ཤེས་པར་སྐུལ་འདེད་གཏོང་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།