བརྩེ་སེམས་ཟབ་མོ་ལས་ཕུགས་འདུན་མངོན་དུ་གྱུར།
“ཕུགས་འདུན་མངོན་འགྱུར”གྱི་ཡུལ་སྐོར་མཇུག་འགྲིལ་རྗེས། དབང་པོ་སྐྱོན་ཅན་ཡུལ་སྐོར་བ་དང་མེ་ཟོན་བཀོད་འཐབ་པ་ཚོ་ཕོ་བྲང་པོ་ཏ་ལའི་གཤམ་དུ་མཉམ་པར་རྒྱག་བཞིན་པ།
མེ་ཟོན་བཀོད་འཐབ་པས་དབང་པོ་སྐྱོན་ཅན་ཡུལ་སྐོར་བ་སྒལ་པར་ཁུར་ནས་ཕོ་བྲང་པོ་ཏ་ལར་ལྟ་སྐོར་བྱེད་བཞིན་པ།
མེ་ཟོན་བཀོད་འཐབ་པ་ཚོས་འགྱོགས་བྱམས་སྤྱད་དེ་དབང་པོ་སྐྱོན་ཅན་ཡུལ་སྐོར་བ་ཚོའི་རེ་འདུན་འགྲུབ་རོགས་བྱེད་བཞིན་པ།
ཉེ་ཆར། བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་ལས་ཞུགས་ལས་གཏོད་ཁང་དང་མཉམ་འབྲེལ་ཐོག“བརྩེ་བ་ཡོད་ཚེ་འགོག་རྐྱེན་མེད། འགོག་རྐྱེན་སེལ་བར་སྐུལ་འདེད་གཏོང་བའི”བྱེད་སྒོ་སྤེལ་ནས་དབང་པོ་སྐྱོན་ཅན་25ཕོ་བྲང་པོ་ཏ་ལར་ལྟ་སྐོར་ལ་ཁྲིད་རོགས་བྱས་པ་རེད། དབང་པོ་སྐྱོན་ཅན་དེ་དག་ཁྲོད་རྐང་ལག་སྐྱོན་ཅན་15དང་། མིག་ཤེད་ཉམས་པ་4 རྦད་དེ་རྐུབ་སྟེགས་འཁོར་ལོ་སྤྱོད་མཁན་6 ལོང་བ་2བཅས་ཡོད། ལྷ་ས་གྲོང་ཁྱེར་ཕོ་བྲང་པོ་ཏ་ལའི་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་གཟི་བརྗིད་བཀའ་རྒྱ་དང་ལེན་བྱས་ནས་ད་ཐེངས་ཀྱི་བྱེད་སྒོར་གཡས་གཞོགས་གཡོན་སྲུང་བྱས་པ་རེད།