《བཀྲ་ཤིས་སྙན་དབྱངས》ལས་མི་རིགས་རོལ་དབྱངས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པ།
འདི་ནི་བོད་ཀྱི་སྲོལ་རྒྱུན་མི་རིགས་རོལ་དབྱངས་འདུ་ཚོགས《བཀྲ་ཤིས་སྙན་དབྱངས》ཐོག འཁྲབ་སྟོན་པས་སྟོད་གཞས《ཨ་ཇོ་བསོད་ནམས་སྟོབས་རྒྱལ》གཏོང་བཞིན་པ།
འདི་ནི་བོད་ཀྱི་སྲོལ་རྒྱུན་མི་རིགས་རོལ་དབྱངས་འདུ་ཚོགས《བཀྲ་ཤིས་སྙན་དབྱངས》ཐོག བོད་ཀྱི་རྐང་གླིང་གི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཚེ་བརྟན་གྱིས《གངས་ལྗོངས་འབྲོག་གླུ》ཞེས་པ་གཏོང་བཞིན་པ།
ཉེ་ཆར། བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་གཉེར་དང་། བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པས་གཉེར་འགན་འཁུར་བའི་བོད་ཀྱི་སྲོལ་རྒྱུན་མི་རིགས་རོལ་དབྱངས་འདུ་ཚོགས《བཀྲ་ཤིས་སྙན་དབྱངས》བོད་ལྗོངས་ཟློས་གར་ཁང་ཆེན་དུ་འཁྲབ་སྟོན་བྱས་ཤིང་། རོལ་དབྱངས་འདུ་ཚོགས་ཐོག བོད་ཀྱི་ཁྱད་ཆོས་ལྡན་པའི་རོལ་དབྱངས་སྣ་ཚོགས་དཀྲོལ་གཏོང་བྱས་ནས་ཕུལ་དུ་བྱུང་བའི་སྲོལ་རྒྱུན་གྱི་མི་རིགས་རོལ་དབྱངས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་པ་རེད།