གཅེས་སེམས་དང་འགྲོགས་པའི“སློབ་མའི་ས་ཚིགས”
ཉེ་བའི་ལོ་ཤས་རིང་། ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་ལའེ་ཝུའུ་ཆུས་ཀྱིས་ལས་ཁུངས་ཚན་པ་དང་། སྤྱི་ཚོགས་རྩ་འཛུགས། གཅེས་སེམས་མི་སྣ་སོགས་ཀྱི་སྟོབས་ཤུགས་སྤྱི་འདོམས་བྱས་ནས“སློབ་མའི་ས་ཚིགས”བཏོད་པས་སློབ་འཁོར་སྒུག་མཁན་སློབ་མར་ཆར་གཡོལ་བྱེད་ས་བྱུང་ཡོད། མིག་སྔར་ཆུས་ཡོངས་སུ“སློབ་མའི་ས་ཚིགས”369བཙུགས་པ་དག་སློབ་འཁོར་200ལྷག་ཙམ་དང་སྦྲེལ་མཐུད་ཡོང་བར་བྱས་ནས་གྲོང་གསེབ་ཀྱི་སློབ་མ་8000ལྷག་ཙམ་ལ་ཞབས་འདེགས་ཞུ་བཞིན་ཡོད་ཅིང་། འདི་ནི་ལའེ་ཝུའུ་ཆུས་ཞུའེ་ཡེལ་ཁྲོམ་གཞུང་ཧེ་ཧྲན་གྲོང་ཚོའི“སློབ་མའི་ས་ཚིགས”སུ་སློབ་གྲྭ་གྲོལ་རྗེས་སློབ་མ་ཚོ་དེབ་ལྟ་གིན་ཁྱིམ་བདག་སྒུག་བཞིན་པ།