དབུ་ཤོག>པར་མཛོད།>པར་མཁན།
  • སྡེ་ཁུལ་གྱིས“ཡ་རབས་ལྡན་པའི་ཁྲོམ་གཞུང་བྱེད་སྒོ”སྤེལ་ནས་གཞི་རིམ་གྱི་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-05-23

    2024ལོའི་ལོ་འགོ་ནས་བཟུང་། ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་ཝུའུ་ཤིང་ཆུས་ལུང་ཆོན་ཁྲོམ་གཞུང་གིས་སྡེ་ཁུལ་ཁག་ཏུ་དུས་བཀག་ལྟར“ཡ་རབས་ལྡན་པའི་ཁྲོམ་གཞུང་བྱེད་སྒོ”སྤེལ་ཏེ་འོས་འགན་སྨན་བཅོས་དང་། སྐྲ་བཞར་བ། ཚེམ་བུ་རྒྱག་པ་སོགས་ཀྱི་དང་བླངས་ཞབས་ཞུ་དང་། འགྲིམ་འགྲུལ་སྒྲིག་སྲོལ་ཁྱབ་གདལ། ཡ་རབས་ངང་ཁྱི་གསོ་རྒྱུ་དར་སྤེལ། གསོལ་ལྕོག་གི་གུས་ལུགས་ཁྱབ་གདལ་སོགས་ཀྱི་བྱེད་སྒོ་སྤེལ་ཏེ། གྲོང་མིའི་ཤེས་དཔལ་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་གཞི་རིམ་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཡོད། འདི་ནི་ཧུའུ་ཀྲོའུ་གྲོང་ཁྱེར་ཝུའུ་ཤིང་ཆུས་ལུང་ཆོན་ཁྲོམ་གཞུང་པའེ་ཡུས་ཐན་སྡེ་ཁུལ་གྱི“ཡ་རབས་ལྡན་པའི་ཁྲོམ་གཞུང་བྱེད་སྒོར”ཏང་ཡོན་དང་བླངས་པ་ཞིག་གིས་རྒན་རྒོན་ལ་སྐྲ་བཞར་རོགས་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།