ཞིང་ནང་དུ་ཚན་རྩལ་ཚོད་ལྟ་བྱེད་པ།
ཉེ་ཆར། ཧྲང་ཧའེ་གྲོང་ཁྱེར་ཧུང་ཁོའུ་ཆུས་ཀྱི་སློབ་འབྲིང་བཞི་ཡི་ཁྱིམ་ཚང་བཞི་བཅུ་ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་ཕུའུ་ཅང་ལྗང་མདོག་ཐཱན་ཉུང་ཞིང་ལས་རྟེན་གཞིའི་ཚན་རིག་ཚོད་ལྟའི་ཞིང་ཁར་བསྐྱོད་ནས་འགྲིམ་འགྲུལ་སློབ་ཆེན་ཞིང་ལས་སློབ་གླིང་གི་དགེ་རྒན་གྱི་སྣེ་ཁྲིད་འོག་ཞིང་ལས་སྐྱེ་དངོས་འདེབས་འཛུགས་དང་ཞིང་ལས་ཚན་རྩལ་གྱི་སྟོབས་ཤུགས་ཉམས་ལེན་བྱས་པ་རེད། འདི་ནི་འགྲིམ་འགྲུལ་སློབ་ཆེན་ཞིང་ལས་སློབ་གླིང་གི་ཚན་ཞིབ་པས(གཡས)ཀྲོ་མ་ཀྲུ་འདེམས་གསོ་འདེབས་འཛུགས་དྲོད་ཁང་ཆེན་པོར་སློབ་གྲོགས་ཚོར་གཞི་རྒྱུ་གདམ་གསེས་ཀྱི་བརྒྱུད་རིམ་འགྲེལ་བཤད་རྒྱག་བཞིན་པ།