བྱང་ཐང་དུ་དཔྱིད་རྨོད་ལས་ལ་བྲེལ།
འདི་ནི་གྲོང་མིས་ཐོ་ཕྲུག་བཏང་ནས་ཞིང་ཁ་རྨོ་བཞིན་པ།
འདི་ནི་བུད་མེད་ཚོས་ས་ཁོད་སྙོམ་བཞིན་པ།
ཉེ་ཆར་བྱང་ཐང་དུ་གནམ་གཤིས་རིམ་གྱིས་དྲོ་རུ་སོང་བ་དང་བསྟུན་ནས་ནག་ཆུ་གྲོང་ཁྱེར་སོག་རྫོང་རྒྱལ་ཆེན་ཤང་དུ་ལོ་གཅིག་དུས་གཅིག་གི་རྨོད་གཉའ་གཅོག་པའི་མཛད་སྒོ་འཚོགས་ཤིང་། མཛད་སྒོ་འཚོག་ཡུལ་དུ་ཞིང་འབྲོག་མང་ཚོགས་ཀྱིས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ནས་ཁ་བཏགས་དང་ཇ་བསྲུབས་མ་སོགས་ཁྱེར་ཏེ་ཞིང་ནང་དུ་འཛོམས་ནས་ལོ་ཧྲིལ་པོར་ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུགས་རྟག་ཏུ་ལེགས་པའི་སྨོན་ལམ་བཏབ་ཡོད།