ལས་སྟེགས་བསྐྲུན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་བ།
ཉེ་ཆར། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས་ལྷ་སར“དཔྱིད་རླུང་བྱ་སྤྱོད། ལས་གནས་མཁོ་འདོན་བྱེད”ཅེས་པའི་2024ལོའི་སློབ་གྲྭའི་ལས་བསྡུའི་འདུ་ཚོགས་ཆེ་གྲས་གཉེར་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ལས་བསྡུའི་འདུ་ཚོགས་ལ་བོད་ལྗོངས་བོད་སྨན་ཚོགས་པ་མ་རྐང་ཚད་ཡོད་ཀུང་སི་དང་། ཀྲུང་གོ་སྲོག་རྟེན་འགན་བཅོལ(ཚོགས་པ)ཀུང་སི། བོད་ལྗོངས་སན་མིང་གཟན་ཆག་འགན་འཁྲི་ཚད་ཡོད་ཀུང་སི་སོགས་ཁེ་ལས་གྲགས་ཅན་50ལྷག་ཙམ་དང་སློབ་མ་8000ལྷག་ཙམ་ཞུགས་ཡོད་ཅིང་། ཁྱོན་བསྡོམས་སློབ་མའི་ལོ་རྒྱུས་མདོར་བསྡུས་356འབྱོར་ཡོད་པ་རེད། འདི་ནི་ལས་མི་བསྡུ་མཁན་ཁེ་ལས་ཀྱིས་སློབ་མར་ལོ་རྒྱུས་མདོར་བསྡུས་རེའུ་མིག་རྒྱོང་སྟངས་སློབ་བཞིན་པ།