དབུ་ཤོག>པར་མཛོད།>པར་མཁན།
  • དབྱར་དུས་སུ་གཡུར་དུ་ཟ་བའི་འབྲས་བཟང་སྨིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-14

    འདི་ནི་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་ཅན་དབྱང་གྲོང་ཁྱེར་ཆིང་ལུང་གྲོང་རྡལ་ལན་ཧོ་གྲོང་ཚོར་སོ་ནམ་པས་ཞིང་འཕྲུལ་བཏང་ནས་གྲོ་བསྡུ་བཞིན་པ།

    འདི་ནི་གྲོང་མིས་ཀུའེ་ཀྲོའུ་ཞིང་ཆེན་ཁའེ་དབྱང་རྫོང་ཧྲོང་ལིའུ་གྲོང་རྡལ་ཧྲོང་ཡུང་གྲོང་ཚོའི་རྒྱ་སེ་མེ་ཏོག་འདེབས་འཛུགས་རྟེན་གཞིར་རྒྱ་སེ་མེ་ཏོག་འཐུ་བཞིན་པ།

    འདི་ནི་ཅང་སུའུ་ཞིང་ཆེན་ཐའེ་ཀྲོའུ་གྲོང་ཁྱེར་ཅང་ཡན་ཆུས་ཀུའུ་ཀའོ་གྲོང་རྡལ་ཀུའུ་ཀའོ་གྲོང་ཚོའི་འདེབས་འཛུགས་དུད་ཚང་གིས་ལ་ཕུག་རླངས་འཁོར་ནང་བླུག་བཞིན་པ།

    འདི་ནི་ཧོ་ནན་ཞིང་ཆེན་ཆིན་དབྱང་གྲོང་ཁྱེར་ཤིས་ཤང་གྲོང་རྡལ་གྱི་སོ་ནམ་པས་ཞིང་འཕྲུལ་བཏང་ནས་རྩྭ་རྔ་བཞིན་པ།

    འདི་ནི་ཀུའེ་ཀྲོའུ་ཞིང་ཆེན་ཙུན་དབྱི་གྲོང་ཁྱེར་ཡུས་ཆིང་རྫོང་པའེ་ཉི་གྲོང་རྡལ་མིན་ཐུང་གྲོང་ཚོར་གྲོང་མིས་པད་ཁ་འདོན་བཞིན་པ།

    དབྱར་དུས་སུ་ས་ཆ་མང་པོར་འབྲུ་རིགས་དང་། སྔོ་ཚལ། ཤིང་ཏོག་སོགས་འབྲས་བུ་སྨིན་པའི་དུས་ཚིགས་ཤར་བས་སོ་ནམ་པས་ཞིང་ལས་དུས་ཚོད་དམ་འཛིན་གྱིས་ཞིང་ནང་དང་མུ་ཁར་བྲེལ་བརྩོན་གྱི་རྣམ་པས་ཁེངས་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།