དབུ་ཤོག>པར་མཛོད།
  • གོས་དཀར་ལྷ་རྗེར་གུས་འདུད་ཞུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-05-13

    འདི་ནི་བོད་ལྗོངས་ཁྲིམས་འཛིན་ཉེན་རྟོག་དཔོན་སྨན་ཁང་གིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གྲྭ་བཞི་སྡེ་ཁུལ་ཏང་ཀྲི་པུའུ་དང་མཉམ་དུ་ཁོངས་གཏོགས་ཁུལ་དུ་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་ནས་གྲོང་མི་མང་ཚོགས་ལ་རིན་པ་མི་དགོས་པར་གཟུགས་པོར་བརྟག་དཔྱད་དང་བདེ་ཐང་ཤེས་བྱ་ཁྱབ་གདལ་གཏོང་བཞིན་པ།

    འདི་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྟེ་བའི་སྨན་ཁང་གིས“5·12”རྒྱལ་སྤྱིའི་སྨན་གཡོག་དུས་ཆེན་ལ་ནད་སྐྱོང་རྩལ་ནུས་ཀྱི་འགྲན་བསྡུར་ཆེན་པོ་བྱེད་བཞིན་པ།

    འདི་ལོའི་ཟླ་5ཚེས་12ཉིན་ནི་རྒྱལ་སྤྱིའི་སྨན་གཡོག་དུས་ཆེན་ཐེངས་113པ་ཡིན་ཞིང་། ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་སྨན་ཁང་ཆེ་གྲས་དང་སྨན་བཅོས་སྒྲིག་གཞི་ཁག་གིས་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་རྒྱ་ཆེའི་སྨན་དོན་མི་སྣས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ནན་ཏིང་ཀེ་ཨེར་གྱི་སྙིང་སྟོབས་མཚོན་པར་བྱས་ཏེ་སྨན་གཡོག་དུས་ཆེན་ལ་བསུ་བ་ཞུས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།