དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • ཁྱིམ་ཚང་མགྲོན་ཁང་གཉེར། འབབ་འཕར་ཕྱུག་འགྱུར་བྱུང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-05-10

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱིས་ལྷ་མོའི་རིག་གནས་ཀྱི་ཐོན་ཁུངས་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ལེགས་ཆ་དང་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་གི་གྲུབ་འབྲས་ལ་བརྟེན་ནས་ཁྱིམ་ཚང་མགྲོན་ཁང་གི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། “ལྷ་མོའི་གྲོང་ཚོ་དང་པོའི”ཁྱད་ལྡན་ཁྱིམ་ཚང་མགྲོན་ཁང་གི་གྲོང་སྡེ་བསྐྲུན་ནས་རང་བྱུང་དང་། རིག་གནས། དམངས་སྲོལ་བཅས་ཀྱི་ཡིད་དབང་འཕྲོག་ཤུགས་ཀྱིས་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་ཡུལ་སྐོར་བའི་ཡིད་དབང་བཀུག་ཡོད། བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་པ་སངས་ཚེ་རིང་གིས་ད་ཆ་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་ལ་ཁྱིམ་ཚང་མགྲོན་ཁང་82དང་ཉལ་ཁྲི་680ཡོད་པ་དང་། མིག་སྔའི་བར་ཡུལ་སྐོར་བ་མི་ཐེངས་ཁྲི་7ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡོང་འབབ་སྣ་ཚོགས་སྒོར་ཁྲི་500ལྷག་ཙམ་བྱུང་ཡོད་ཅེས་ངོ་སྤྲོད་བྱས་ཤིང་། འདི་ནི་ཡུལ་སྐོར་བས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་མདུན་དུ་དྲན་རྟེན་པར་རྒྱག་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།