ཁྲེང་ཏུའུ་འཛམ་གླིང་སྐྱེད་ཚལ་སྒྱུ་རྩལ་དངོས་མང་སྟོན་ཚོགས་འགོ་ཚུགས་པ།
2024ལོའི་ཁྲེང་ཏུའུ་འཛམ་གླིང་སྐྱེད་ཚལ་སྒྱུ་རྩལ་དངོས་མང་སྟོན་ཚོགས་སི་ཁྲོན་ཁྲེང་ཏུའུ་རུ་འགོ་ཚུགས་པ་རེད། སྐབས་འདིའི་དངོས་མང་སྟོན་ཚོགས་ལ“སྤྱི་གླིང་གྲོང་ཁྱེར། སྡོད་སའི་གནས་མཆོག”ཅེས་བརྗོད་དོན་གཙོ་བོར་བྱས་ནས་ཁང་པའི་ཕྱི་རོལ་གྱི་འགྲེམས་སྟོན་གླིང་113བསྐྲུན་པར་དབྱིན་ཇིའི་ལུགས་དང་། ཧྥ་རན་སེའི་ལུགས། རི་པིན་གྱི་ལུགས། དབྱི་ཐ་ལིའི་ལུགས། དབུས་ཤར་ས་ཁུལ། ཨེ་ཤེ་ཡ་ཤར་ལྷོ་སོགས་གོ་ལ་ཧྲིལ་པོའི་སྐྱེད་ཚལ་གྱི་རྣམ་པ་གཙོ་བོ་འདུས་ཡོད་པ་དང་། སྟོན་ཚོགས་འཚོག་ཡུན་ནི་ཟླ་10ཚེས་28ཉིན་བར་ཡིན་པ་རེད། འདི་ནི་ཁྲེང་ཏུའུ་འཛམ་གླིང་སྐྱེད་ཚལ་སྒྱུ་རྩལ་དངོས་མང་སྟོན་ཚོགས་ཀྱི་ཚོགས་ར་གཙོ་བོ་ཡིན་པ།