དབུ་ཤོག>པར་མཛོད།>པར་མཁན།
  • ཁྱད་ལྡན་སློབ་ཁང་གིས་བྱིས་སེམས་བརླན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-28

    ཉེ་བའི་ལོ་ཤས་རིང་། ཧོ་པེ་ཞིང་ཆེན་ཝེ་ཁྲང་མན་ཇུ་རིགས་སོག་རིགས་རང་སྐྱོང་རྫོང་གི་སློབ་གྲྭ་ཁག་གིས་རྒྱུན་གཏན་གྱི་སློབ་ཁྲིད་ཁྲོད་མི་རིགས་ཀྱི་རིག་གནས་ཁྱབ་གདལ་བཏང་ནས་མདའ་འཕེན་དང་། མན་ཇུའི་འཚེམ་དྲུབ། པི་ཝང་རྟ་མགོ་མ། ཞི་བདེའི་རྔ་སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་ཁར་རྣམ་པ་སྣ་ཚོགས་ཀྱི་སློབ་ཚན་འཚོགས་ཏེ་སློབ་མ་ཚོར་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཉམས་ལེན་དང་རྒྱུན་འཛིན་ཐུབ་པར་བྱས་པ་དང་ཆབས་ཅིག་སློབ་གྲྭའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ནས་སློབ་མ་བདེ་སྐྱིད་ལྡན་པའི་ངང་འཚར་ལོངས་ཡོང་བར་སྐུལ་འདེད་བཏང་ཡོད་པ་རེད།

    འདི་ནི་ཝེ་ཁྲང་རྫོང་སློབ་ཆུང་དང་པོར་དགེ་རྒན་གྱི་མཛུབ་ཁྲིད་འོག་སློབ་མས་པི་ཝང་རྟ་མགོ་མ་སྦྱོང་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།