སྔོན་བྱོན་པའི་ཕུགས་འདུན་གྱི་རྒྱུན་བསྐྱངས་ནས་གསར་བརྗེའི་དད་སེམས་བརྟན་དུ་གཏོང་བ།
ཉེ་ཆར། ནག་ཆུ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་སྒྲིག་འཛུགས་འོག གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་ཏང་རྩ་འཛུགས་ཁག་གཅིག་གིས་མཉམ་དུ“སྔོན་བྱོན་པའི་ཕུགས་འདུན་གྱི་རྒྱུན་བསྐྱངས་ནས་གསར་བརྗེའི་དད་སེམས་བརྟན་དུ་གཏོང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་ལ་དུས་རབས་ཀྱི་འོད་མདངས་འཕྲོ”ཞེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།
གྲོང་ཁྱེར་ཐད་གཏོགས་ལས་ཁུངས་16ནས་ཡོང་བའི་ཏང་ཀྲི་པུའུ་26དང་ལེའོ་ཉིང་བོད་སྐྱོར་མདུན་ཕྱོགས་བཀོད་འདོམས་པུའི་ཏང་ཡོན་ལས་བྱེད་པ་400ལྷག་ཙམ་ཞུགས་ཡོད། འདི་ནི་ཏང་ཡོན་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱེད་སྒོ་སྤེལ་བཞིན་པ།