ཀོང་ཤིས་ཀྲའོ་ཕིང་གི་ཚང་ཀྲའོ་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་བ།
མིག་སྔར་ཀོང་ཤིས་ཀྲའོ་ཕིང་རྫོང་ཁོངས་ཀྱི་ཚང་ཀྲའོ་མྱུར་བགྲོད་གཞུང་ལམ(ཀོང་ཤིས་ཝུའུ་ཀྲོའུ་གྲོང་ཁྱེར་ཚང་ཝུའུ་རྫོང་ནས་ཧོ་ཀྲོའུ་གྲོང་ཁྱེར་ཀྲའོ་ཕིང་རྫོང་བར)འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད་པ་རེད། ཚང་ཀྲའོ་མྱུར་བགྲོད་གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་113.282ཡོད་པ་དང་། རྣམ་གྲངས་དེ་བསྐྲུན་རྗེས་ཀོང་ཤིས་དང་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་མཉམ་འདྲེས་བྱུང་ནས་འགྲོ་སྐྱོད་སྟབས་བདེ་རུ་ཕྱིན་ནས་ནུབ་རྒྱུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ལམ་རྒྱུད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པ་གལ་ཆེན་ཐོན་རྒྱུ་རེད། འདི་ནི་ཀོང་ཤིས་ཀྲའོ་ཕིང་རྫོང་ཁོངས་སུ་སྐྲུན་བཞིན་པའི་ཚང་ཀྲའོ་མྱུར་བགྲོད་གཞུང་ལམ་གྱི་ཟམ་ཆེན་ཡིན་པ།