དབུ་ཤོག>པར་མཛོད།
  • དམངས་ཡོངས་དཔེ་ཀློག་གི་ཚ་རླབས་འཕྱུར།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-26

    ལྷ་ས་གྲོང་ཁྱེར་ལྕོག་པོ་རི་སྡེ་ཁུལ་དང་ཚེ་སྨོན་གླིང་སྡེ་ཁུལ་གྱིས་ཐུན་མོང་ཐོག“དཔེ་དེབ་བཀླགས་ནས་མི་ཚེར་སྤྲོ་སྣང་སྦྱིན་པའི”གཏམ་བཤད་བྱེད་སྒོ་སྤེལ་བ།

    ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དགའ་ལྡན་ཤང་གི“གཞོན་ནུའི་དཔེ་ཀློག་འདུ་འཛོམས་ཁང”གི་དཔེ་ཀློག་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    “དཔེ་མཛོད་ཁང་ནས་དེང་རབས་ཤེས་དཔལ་སྦྱོང་བའི”འཛམ་གླིང་དཔེ་ཀློག་ཉིན་མོའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཡུལ་དུ་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ལས་དོན་པས་དཔེ་དེབ་མཉམ་སྤྱོད་བྱེད་བཞིན་པ།

    གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་ཁྱུང་རྩེ་ཤང་ཆང་མོ་གྲོང་ཚོའི་གྲོང་མིས་ཞིང་པའི་དཔེ་དེབ་ཁང་དུ་དཔེ་དེབ་ཀློག་བཞིན་པ།

    བོད་ལྗོངས་སློབ་ཆེན་གྱི“དཔེ་དེབ་ཀྱི་དྲི་ཞིམ་སློབ་གྲྭར་འཐུལ། ང་ཚོའི་ཕུགས་འདུན་མཉམ་དུ་སྒྲུབ”ཅེས་པའི་དཔེ་ཀློག་ཁྱབ་གདལ་བྱེད་སྒོར་གངས་ལྷ་མེ་ཏོག་སྒྱུ་རྩལ་ཚོགས་པས་འཁྲབ་སྟོན་བྱེད་བཞིན་པ།

    ཟླ་4ཚེས་23ཉིན་ནི“འཛམ་གླིང་དཔེ་ཀློག་ཉིན་མོ”ཐེངས་29པ་ཡིན་པ་དང་། འདི་ལོའི་འཛམ་གླིང་དཔེ་ཀློག་ཉིན་མོའི་བརྗོད་དོན་གཙོ་བོ་ནི“དཔེ་ཀློག་གིས་འབྱུང་འགྱུར་ལ་སྐུལ་འདེད་གཏོང”ཞེས་པ་དེ་རེད། “ཤེས་དཔལ་དར་བའི་བོད་ལྗོངས”ཀྱི་དམངས་ཡོངས་ཀྱི་དཔེ་ཀློག་དེ་རིག་གནས་འཛུགས་སྐྱོང་གི་འདུ་འགོད་གལ་ཆེན་ནང་བཅུག་པ་ནས་བཟུང་། ལོ་མང་རིང“ཤེས་དཔལ་དར་བའི་བོད་ལྗོངས”དེ་བོད་རང་སྐྱོང་ལྗོངས་ཀྱི་དཔེ་ཀློག་སྤུས་རྟགས་རྩེ་གྲ་ཞིག་ཏུ་གྱུར་ནས་དམངས་ཡོངས་དཔེ་ཀློག་གི་སྤྱི་པའི་ཞབས་ཞུའི་དྲ་བའི་གཞི་ཁྱོན་རགས་ཙམ་ཆགས་ནས་དམངས་ཡོངས་དཔེ་ཀློག་བྱེད་ཚད་སྔར་བས་མང་དུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།