དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • འདེབས་འཛུགས་ལག་རྩལ་དམར་ཁྲིད་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-26

    ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་དུས་འགོའི་བརྟག་ཞིབ་བྱེད་རིང་ཆུ་ཤུར་གྲོང་ཚོར་སྔོ་ཚལ་འདེབས་འཛུགས་བྱེད་འདོད་ཡོད་པའི་བུད་མེད་མང་པོ་ཡོད་པ་ཤེས་རྗེས། རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཕྱོགས་མང་པོ་དང་མཐུན་སྦྱོར་བྱས་པ་བརྒྱུད། གནམ་ཤང་ལྗང་གྲོང་ཚོའི་སྔོ་ཚལ་འདེབས་འཛུགས་མཁས་པ་གདན་དྲངས་ནས་ཆུ་ཤུར་གྲོང་ཚོའི་བུད་མེད་18ལ་སྔོ་ཚལ་འདེབས་འཛུགས་ཀྱི་རྩལ་ནུས་གསོ་སྦྱོང་བྱས་པ་རེད། གསོ་སྦྱོང་ལ་ཞུགས་མཁན་བུད་མེད་ཚོས་སྒོ་འགྲམ་དུ་ལག་རྩལ་སྦྱངས་པ་བརྒྱུད། སྔོ་ཚལ་འདེབས་འཛུགས་ཀྱི་ལག་རྩལ་སྔར་བས་ཁོང་དུ་ཆུད་པ་དང་མཐོང་རྒྱའང་ཆེ་རུ་སོང་བ་མ་ཟད། ད་དུང་ཚང་མའི་ཞིང་ལས་འཕེལ་རྒྱས་དང་ཡོང་འབབ་མང་དུ་གཏོང་བའི་གདེང་ཚོད་ཀྱང་ཆེ་རུ་ཕྱིན་སོང་ཞེས་གཅིག་མཇུག་གཉིས་མཐུད་ངང་བརྗོད་ཅིང་། འདི་ནི་ཆུ་ཤུར་གྲོང་ཚོའི་བུད་མེད་ཚོས་མྱུ་གུ་གསོ་སྟངས་སྦྱོང་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།