དབུ་ཤོག>པར་མཛོད།>པར་མཁན།
  • འཛམ་གླིང་སའི་གོ་ལའི་ཉིན་མོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-04-24

    འཛམ་གླིང་སའི་གོ་ལའི་ཉིན་མོ་ནི་ལོ་ལྟར་གྱི་ཟླ་4ཚེས་22ཉིན་ཡིན་པ་དང་དེ་ནི་ཆེད་མངགས་འཛམ་གླིང་ཁོར་ཡུག་སྲུང་སྐྱོང་བྱ་ཆེད་བཙུགས་པའི་དུས་ཆེན་ཞིག་རེད། དེའི་དམིགས་ཡུལ་ནི་དམངས་ཚོགས་ཀྱིས་ད་ཡོད་ཀྱི་ཁོར་ཡུག་གནད་དོན་ལ་ངོས་འཛིན་ཐུབ་ཚད་མཐོ་རུ་གཏོང་བ་དང་འབྲེལ་དམངས་ཚོགས་ཁོར་ཡུག་སྲུང་སྐྱོང་ལས་འགུལ་ནང་ཞུགས་པར་སྐུལ་སློང་བྱས་ཏེ། ལྗང་མདོག་ཐཱན་ཉུང་གི་འཚོ་བ་བསྐྱལ་ནས་སའི་གོ་ལ་སྤྱི་ཡོངས་ཀྱི་ཁོར་ཡུག་ལེགས་སུ་གཏོང་ཆེད་རེད། སའི་གོ་ལའི་ཉིན་མོ་ནི་ཀེ་ལུའོ་ཏེ·ཉིར་སེན་དང་ཏན་ཉི་སི·ཧའེ་སེ་ཡིས་1970ལོར་གྲོས་འགོ་བཏོན་པ་ཞིག་རེད། ད་ཆ་སའི་གོ་ལའི་ཉིན་མོའི་རྟེན་འབྲེལ་བྱེད་སྒོ་གོ་ལ་ཧྲིལ་པོའི་རྒྱལ་ཁབ་192བར་འཕེལ་རྒྱས་ཕྱིན་པ་དང་ལོ་ལྟར་མི་དུང་ཕྱུར་10ལྷག་ཙམ་དེའི་ནང་ཞུགས་ནས་འཛམ་གླིང་ཐོག་གི་དམངས་ཁྲོད་ཀྱི་ཁོར་ཡུག་སྲུང་སྐྱོང་དུས་ཆེན་ཆེ་ཤོས་སུ་གྱུར་ཡོད། ཀྲུང་གོས་དུས་རབས་20པའི་ལོ་རབས་90པ་ནས་བཟུང་། ལོ་ལྟར་གྱི་ཟླ་4ཚེས་22ཉིན་འཛམ་གླིང་སའི་གོ་ལའི་ཉིན་མོའི་བྱེད་སྒོ་སྤེལ་གྱི་ཡོད། 1970ལོའི་ཟླ་4ཚེས་22ཉིན་ཨ་རིས་སའི་གོ་ལའི་ཉིན་མོའི་བྱེད་སྒོ་ཐེངས་དང་པོ་སྤེལ་བ་དེ་ནི་མིའི་རིགས་ཀྱི་ལོ་རྒྱུས་འབྱུང་ཚུན་གཞི་ཁྱོན་ཆེ་ཤོས་ཀྱི་མང་ཚོགས་རང་བཞིན་གྱི་ཁོར་ཡུག་སྲུང་སྐྱོང་གི་བྱེད་སྒོ་ཐེངས་དང་པོ་དེ་རེད།


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།