དབུ་ཤོག>པར་མཛོད།
  • མངོན་མིན་རིག་གནས་ཤུག་བཞག་རྒྱུན་འཛིན་ཡག་པོ་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-04-24

    “སོག་རོང་བྲོ་གར”ནན་ཏན་སྦྱོང་བཞིན་པའི་ཧྲོག་རྟ་ཤང་སློབ་ཆུང་གི་སློབ་མ་ཡིན་པ།

    “སོག་རོང་བྲོ་གར”ནན་ཏན་སྦྱོང་བཞིན་པའི་ཧྲོག་རྟ་ཤང་སློབ་ཆུང་གི་སློབ་མ་ཡིན་པ།

    ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་ཆེད། ཉེ་ཆར། ནག་ཆུ་གྲོང་ཁྱེར་སོག་རྫོང་ཧྲོག་རྟ་ཤང་སློབ་ཆུང་གིས་སློབ་མ་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག“སོག་རོང་བྲོ་གར”ནང་སྦྱོང་ལ་ཞུགས་པ་རེད། ཞབས་བྲོའི་དགེ་རྒན་གྱི་མཛུབ་ཁྲིད་འོག་སློབ་མ་ཚོས་བྲོ་གར་གྱི་སྟངས་སྟབས་དང་གླུ་གཞས་གཏོང་སྟངས་ནན་ཏན་སྦྱངས་པ་རེད། ཁོ་ཚོས་ལག་གདང་སྦྲེལ་ཞིང་། གྲལ་འགྲིག་པའི་གོམ་སྟབས་དང་བསྟུན་ནས་སྐད་གསང་མཐོན་པོས་གླུ་གཞས་བླངས་ཏེ“སོག་རོང་བྲོ་གར”གྱི་དམིགས་བསལ་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།