དབུ་ཤོག>པར་མཛོད།>བོད་ལྗོངས་པར་རིས།
  • པར་རིས་གསར་འགྱུར།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-22

    ཉེ་ཆར། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་གླིང་དོ་དམ་ཨུ་ལྷན་གྱིས་དཔྱིད་རྨོད་དཔྱིད་འདེབས་ཀྱི་དུས་ཚོད་དམ་འཛིན་བྱས་ནས་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ལུག་མིག་མེ་ཏོག་གི་མྱུ་གུ་སྤོ་འཛུགས་ཀྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ་དང་། ལས་ཀའི་ལས་ཕྱོད་ཆེ་རུ་དང་སྤུས་ཚད་ལེགས་སུ་གཏོང་ཆེད། ཆེད་ལས་ལག་རྩལ་པ་གདན་དྲངས་ནས་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་བྱས་ཏེ་མེ་ཏོག་མྱུ་གུ་སྤོ་འཛུགས་ལས་དོན་བདེ་བླག་ངང་སྤེལ་ཐུབ་པ་བྱས་ཡོད། མིག་སྔར་སྤོ་འཛུགས་ལས་དོན་ལེགས་གྲུབ་ཟིན་ནས་ལུག་མིག་མེ་ཏོག་གི་མྱུ་གུ་ཁྱོན་50180བཙུགས་ཡོད།

    འདི་ནི་ལས་དོན་པས་སྤོ་འཛུགས་བྱས་པའི་ལུག་མིག་མེ་ཏོག་ལ་ཆུ་རྒྱག་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།